R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 53
[A:53]བྱང་རིན་གྱི་དུས་ན་སེ་ཆེན་གྱི་ཐུགས་ལ་བཏགས་ནས་ཤེལ་དམ་གནང་། བྱང་རིན་གྱི་རྗེས་སུ་དཔོན་ཆེན་དཀོན་གཞོན། དེ་ནས་དབོན་ཆེན་གཞོན་དབང་སྟེ། འདིའི་རིང་ལ་ཆེ་གསལ་ཆེན་མོ་དང་དབུས་གཙང་གི་ཁྲིམས ཀྱི་ཞིབ་ཆ་ཕལ་ཆེ་བ་བྱས། དེ་ནས་དཔོན་ཆེན་བྱང་རྡོར། དེ་ནས་དཔོན་ཆེན་ཨག་ལེན་ཏེ། འདིས་གདན་སའི་ལྕགས་རི་ཕྱི་མ་དང་དཔོན་པོ་རིའི་ལྕགས་རི་བཏབ། དཔོན་ཆེན་འདི་གསུམ་གྱི་བར་ལ་འབྲི་གུང་པ་དང་འཐབས། ཁྱད་པར་ཨག་ལེན་གྱི་རིང་ལ་འབྲི་གུང་གླིང་འོག་ཏུ་གྲགས་པའི་བཅོམ་ཁྱེར་ཆེན་པོ་དེ་བཏང་། གླིང་ལོག་དེ་བུ་སྟོན་རིན་པོ་ཆེ་འཁྲུངས་པའི་ལྕགས་ཕོ་སྟག་གི་ལོ་ལ་ཡིན། དེ་ནི་ཕལ་ཆེར་འདིའི་གོང་ཐོག་ཁ་བ་རིན་ཆེན་སེ་སེས་འབྲི་གུང་གདན་[B:54]ས་མཛད་པའི་ལོ་བདུན་པ་ཤིང་བྱ་ལ་བྱ་ཡུལ་གཟིམས་ཆུང་མ་གཏོགས་གླིང་ཐམས་ཅད་མེ་ལ་བསྲེགས་
མཁན་པོ་གཙང་སྟོན་པ་ཡང་བཀྲོངས
པའི་མཐོང་ཆོས་སུ་བྱེད་པ་ཡིན་འདུག དེ་ནས་ལོ་བཞི་པ་ཤིང་ཕོ་རྟ་ལ་གོང་མ་སེ་ཆེན་གཤེགས་
འཕགས་པ་གཤེགས་པའི་ལོ་བཅུ་བཞི་པ་ཡིན
དེ་ནས་ལོ་བཅུ་པ་མེ་རྟ་ལ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གདན་སར་བྱོན། འདི་པ་གོང་དུ་བྱོན་པ་རྒྱལ་པོ་ཨོལ་བྱ་ཐུལ་གྱིས་རྒྱལ་སྲིད་སྐྱོང་བའི་དུས་ཡིན་ཚོད་འདུག གདན་སར་ལོ་བཅུ་བདུན་བཞུགས་ནས་ཆུ་ཁྱི་ལ་གཤེགས། དེ་ནས་ལོ་གསུམ་པ་ཤིང་མོ་གླང་ལ་མཁས་བཙུན་ནམ་མཁའ་ལེགས་པ་གདན་སར་བྱོན། ཤིང་གླང་འདི་འགྲོ་མགོན་འཕགས་པ་གོང་ནས་སྔ་རེས་བྱོན་པའི་ཤིང་གླང་ནས་དྲུག་ཅུ་བསྐོར་གཅིག་སོང་བ་དེ་ཡིན། དེ་ནས་ལོ་བཅུ་དགུ་པ་ཆུ་ལུག་ལ་མཁས་[B:54a]བཙུན་པ་གཤེགས། བདག་ཉིད་ཆེན་པོའི་སྲས་ནམ་མཁའ་རྒྱལ་མཚན་པ་