[A:54]དང་། ཀུན་དགའ་ཉི་མའི་རྒྱལ་མཚན་པ་སོགས་གོང་དུ་བྱོན་པ་རྒྱལ་པོ་ཐོ་གན་གྱི་དུས་ཡིན་པ་འདྲའོ། །ཨག་ལེན་གྱི་རྗེས་སུ་དཔོན་ཆེན་གཞོན་དབང་བསྐྱར་ནས་བསྐོས ། དེ་ནས་རིམ་པ་བཞིན་ལེགས་པ་དཔལ། སེང་གེ་དཔལ། འོད་ཟེར་སེང་གེ། ཀུན་དགའ་རིན་ཆེན། དོན་ཡོད་དཔལ། ཡོན་བཙུན། ཡང་འོད་ཟེར་སེང་གེ། རྒྱལ་བ་བཟང་པོ།
དབང་ཕྱུག་དཔལ། བསོད་ནམས་དཔལ། ཡང་རྒྱལ་བ་བཟང་པོ་སྟེ་འདིའི་རྒྱུད་པས་ཤངས་དང་རྟ་ནག་གི་བདག་ཡུན་རིང་དུ་བྱས་ལ། དེང་སང་ནི་འཕན་ཡུལ་ཨུ་རྒྱན་གཞིས་ཀ་དང་སྟོད་ལུང་ཕུར་ཡོད་། དེ་ནས་དཔོན་ཆེན་དབང་བརྩོན། ནམ་མཁའ་བསྟན་པ། དཔལ་འབུམ་སྟེ་འདིའི་རྒྱུད་པ་དབུ་རུ་[B:55]
སྒས་སྣ་ར་མ་སྒང་པ
སྟོད་སྨད་ན་ཡོད། དེ་ནས་བློ་ཆེན། དེ་རྗེས་གྲགས་དབང་སྟེ ། འདིའི་རྒྱུད་པ་ཀླུང་ཤོད་རྒྱབ་ར་བ
ན་ཡོད། དེ་ཡང་མཁས་བཙུན་པ་གདན་སར་བཞུགས་པའི་དུས་སུ་རྒྱལ་བ་བཟང་པོ་དང་དབང་བརྩོན་གྱི་དཔོན་ཆེན་གྱིས་ལས་ཀ་སྔ་ཕྱིར་བཟུང་། འདི་གཉིས་ཀྱི་རིང་ཕག་མོ་གྲུ་པ་དང་འཐབས་པ་ལྕགས་སྦྲུལ་ཤར་བ་ཙམ་ནས་ས་སྐྱ་པའི་དབུས་ཀྱི་ས་ཆ་རྣམས་འདུམས་པའི་མགོ་བརྩམས་འདུག དེ་ལ་དཔོན་ཆེན་ནི་བཤད་པ་ལྟར་ས་སྐྱ་པའི་ཁྲིམས་བདག་དང་། ནང་ཆེན་ནི་ནང་གི་གཉེར་པར་འདུག་ལ། དེའི་རྒྱུད་པས་ཉང་ཤབ་ཏུ་ས་བཟུང་།
བར་སྐབས་ནས་སེ་རུ་བསོད་ནམས་དཔལ་དང་། ནང་ཆེན་ཀུན་དགའ་འཕགས་ཏེ་སྐུ་མཆེད་[B:55a]གཉིས་བྱུང་བའི་དང་པོས་ཉང་སྟོད་རྩེ་ཆེན་དང་།
ཤག་སྟོད་སེང་གེ་རྩེ་གཉིས་བཟུང་། ཀུན་མཁྱེན་འཕགས་འོད་དང་།
ཆོས་རྗེ་ཤེས་སེང་བ་བླ་མཆོད་དུ་བཀུར་ཏེ་ལྷུན་པོ་རྩེའི་ཆོས་སྡེ་གསར་