[A:55]འདེབས་སོགས་
ཆོས་ལུགས་དགེ་ལྡན་པ་ཉག་ཅིག་ཡིན
དཀར་ཕྱོགས་ཀྱི་མཛད་པ་བཟང་པོ་གྲུབ། དེ་རྗེས་དཔོན་རབས་གསུམ་བཞིའི་ཕ་རྒོད་ཁྱུང་རྒྱལ་དང་ཡུལ་འཁོར་བསྲུངས
རིང་ལུགས་གཉིས་ཀའི་ཚུགས་ཆེ་བར་བྱུང་ནའང་། བར་སྐབས་ཤིག་རིན་སྤུངས་པའི་དབང་དུ་བཏང་སྟེ། རྒྱལ་མཁར་རྩེ་བ་མིང་མེད་དུ་གཏོང་བའི་རྩིས་ཀྱིས་དཔུང་འཁྱེར་ལུགས་བྱེད་པ་དང་། སླར་རིན་སྤུངས་པ་ལ་དཔུང་ཤེད་ངོམ་པ་སོགས་བྱེད་པ་མ་མཁས་པའི་རྐྱེན། དེང་སང་སྡེ་ཚུགས་རྣམ་པར་ཞིག་གོ། །ཀུན་དགའ་འཕགས་ཀྱིས་[B:56]ཆུ་ཤར་ཁར་རྒྱལ་མཁར་རྩེ་བརྩིགས་ཏེ་སྡེ་ཚུགས་བཟུང་བ་ནས་རྩེ་ཤར་ནུབ་གཉིས་ཞེས་ཟེར། དེའི་སྲས་རབ་བརྟན་ཀུན་བཟང་འཕགས་སྔ་སོར་རྩེ་ཆེན་པ་དང་ཁུ་དབོན་མ་མཐུན་ནས། གོང་མ་གྲགས་པ་རྒྱལ་མཚན་པའི་གཟིམས་དཔོན་གྱི་ལས་ཀ་བཟུང་། བར་སྐབས་ནས་གོང་མ་མ་དགྱེས་ཏེ་ཁྲི་དམག་རྒྱལ་མཁར་རྩེར་འཁྱོགས་དགོས་པ་བྱུང་། ཡར་ཀླུངས་པ་རྣམས་དགྲ་སྟོད་ཉང་ཤར་ཁ་བ་ཞེས་པའང་ཡོད་དོ། །ཕྱིས་སུ་མཁས་གྲུབ་རིན་པོ་ཆེ་བླ་མཆོད་དུ་བཀུར་ཏེ་དཔལ་འཁོར་བདེ་ཆེན་གྱི་ཆོས་སྡེ་ཆེན་པོ་དགེ་ལྡན་པ་གཙོ་ཆེ་བར་ཡོད
འདེབས་པ། སྐུ་འབུམ་ཆེན་མོ་དང་གོས་སྐུ་ཆེན་མོ་བཞེངས་པ་སོགས་ཕུན་སུམ་ཚོགས་པའི་དགེ་ལས་མི་འདྲ་བ་སུམ་ཅུ་རྩ་དྲུག་ཙམ་གྲུབ་ཅེས་ཟེར ། གསེར་གྱི་བཀའ་འགྱུར་[B:56a]ནི་དེ་ནས་བཟུང་སྟེ་དེང་སང་གི་བར་དུ་ཡང་བཞེངས་པ་རྒྱུན་མ་ཆད་པ་སྟེ་སྡེ་དཔོན་གཅིག་ལ་དཀར་ཕྱོགས་ཀྱི་མཛད་པ་རྔམས་ཆེ་ཤོས་སུ་འདུག དེའི་སྲས་རབ་བརྟན་བཀྲ་ཤིས་འཕགས། དེ་ལ་སྲས་དོན་གྲུབ་འཕགས་སོགས་འཕགས་སྡེ་གཉིས་འཁྲུངས་ནས་སྡེ་ཚུགས་བཟུང་བའི་བློན་པོ་དཔོན་ཡིག་