R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 56
[A:56]པད་རྒྱལ་དུ་གྲགས་པས་བྱས།
འདིའི་རྒྱུད་པ་རྣམས་སྲས་གླིང་པ་རྣམས་ཡིན
དཔོན་བློན་འདི་གསུམ་གྱི་རིང་གཞིས་ཁ་བ་ལ་རྒྱང་རོ་སྤེལ་སྐྱའི་ཇུས་ཉེས་ཆེན་པོ་དེ་བཏང་། སྐབས་ཤིག་ནས་རྩེ་ཆེན་པ་ཕྱོགས་འགྱུར་བ་འདྲས་རྫོང་གཞིས་ལ་ཤོར་གོད་ཡོད་པའི་མཚན་ཇུས་འབྲིང་བ་ཡུན་རིང་ཙམ་བྱུང་། སྲས་དེང་སང་གི་བདག་པོ་འདིའི་རིང་སྣེ་གདོང་རྩེ་ནས་རྒྱབ་སྙེར་མཛད་པས་མངའ་ཞབས་རྙིང་ཁུངས་ཚག་ཏུ་ཚུད་ཅིང་།[B:57] སླར་གཞིས་ཁ་བ་དང སྲིད་དུ་སྦྲེལ་བས་དེང་སང་ནི་རྩེ་ཆེན་གྱིའང་བདག་བྱས་ཏེ་
སླད་སྟོབས་ཀྱིས་ཕྲོགས
མངའ་ཐང་ཤིན་ཏུ་མཐོ་བར་ཡོད། །
ལྷོ་པ་ནི་རྒྱལ་པོའི་ལུང་གིས་གཡའ་འོ་ལ་ནས། བྲང་པོ་ཡན་གྱི་ལ་སྟོད་ལྷོའི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་སྡེ་ཚུགས་ཤིན་ཏུ་ཆེ། སི་ཏུ་ཆོས་རིན་པ་དང་བདག་པོ་ལྷ་བཙན་སྐྱབས་ཁུ་དབོན་གྱི་དུས་སུ་མཁན་ཆེན་ཆོས་རྒྱལ་བ་རྩ་བའི་བླ་མར་ཁུར་ནས་ཤེལ་དཀར་ཆོས་སྡེ་འབུལ་བ་སོགས་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། སྐབས་ཤིག་ནས་བྱང་ས་དང་འཐབ་པས་ཕམ་སྟེ། རྫོང་གཞིས་ལ་ཤོར་གོད་ཆེན་པོ་བྱུང་འདུག་ནའང་། ཡང་འཐབ་པས་ཚུར་ལོན། སླར་ཞལ་ངོ་སྐུ་མཆེད་མ་མཐུན་ཞིང་དཔོན་[B:57a]སྐྱ་སྟོད་པོ་སྐོར་གསུམ་ཡང་བློ་མི་བསྲུན་པ་སོགས་ནས་བར་སྐབས་ཤིག་དུས་མི་བདེ་བ་ཆེན་པོ་བྱུང་། དེང་སང་གི་བདག་པོ་འདི་པ་བྱང་པ་དང་གཉེན་དུ་སྦྲེལ་བ་ནས་ཁྲི་སྐོར་གཅིག་ཏུ་འབྲེལ་བའི་སྡེ་ཚུགས་ཆེ་བར་ཡོད་དོ། ། བྱང་ས་ནི་ཞལ་ངོ་གཅིག་གིས་འཕགས་པ་རིན་པོ་ཆེའི་ཕྱག་ཕྱིར་གོང་དུ་ཕྱིན་ནས་སེ་ཆེན་གྱི་བླ་མ་ཐོས་པས་ཏི་ཤྲི་གྲགས་པ་འོད་ཟེར་ཞེས་ཟེར།