R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 57
[A:57]ཧོར་དཀར་གྲགས་འོད་མའང་འདིའི་སྒོ་ནས་མིང་དུ་ཆགས། ཁོང་གི་རིན་ལས་རྒྱལ་པོའི་ལུང་གིས་སྐྱར་སྐྱ་ནས་འཇད་ཡན་གྱི་ལ་སྟོད་བྱང་གི་ཡུལ་ལྗོངས་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་མངའ་ཐང་ཆེ། རྫོང་བྱིསྤྱི་གྲགས་རིན་གྱིས་ཕག་མོ་གྲུ་པའི་དམག་ཆེན་ལན་གཅིག་བྱང་དུ་[B:58]ཁྱེར་འདུག་ཀྱང་ཡོ་འཁྱོམ་ཆེར་མ་ཐུབ། ཁྱད་པར་བདག་པོ་རྣམ་རྒྱལ་གྲགས་
རྒྱལ་པོ་པཎྜི་ཏར་བྱེད
པ་དང་དཀོན་མཆོག་ལེགས་པ་སྐུ་མཆེད་ཀྱི་རིང་གཞིས་བྱ ང་གཉིས་སྲིད་དུ་སྦྲེལ་བས་ལྷོ་པའི་ས་ཆ་འགའ་ཚུར་ཆོད་པ་མ་གཏོགས་སྡེ་འཁྲུགས་ལུང་མ་བསྟན་མཛད་མ་དགོས། དངུལ་ལས་གྲུབ་པའི་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དང་། བྱམས་ཆེན་གྱིས་གཙོས་པའི་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་མང་པོ་དང་། བཀའ་འགྱུར་བཞེངས་པ། ཆོས་སྡེའི་བཤད་གྲྭ་བཟང་པོའི་བདག་རྐྱེན་མཛད་པ་སོགས་ཡ་མཚན་མཆོག་ཏུ་ཆེ། ཆོས་ལུགས་ངོ་བོ་ས་སྐྱ་པ་ཉག་ཅིག་ལ་མོས་པའི་སྟེང་ནས་ཇོ་ནང་པ། བོ་དོང་བ། བྱང་སེམས་གཞོན་ནུ་རྒྱལ་མཆོག་ལ་སོགས་བླ་མར་བཀུར་ཞིང་མངའ་ཞབས་ཀྱི་དགེ་[B:58a]ལྡན་པའི་གྲྭ་པ་གྲྭ་ཚང་རྣམས་ལའང་ཞབས་ཏོག་ཆ་མཉམ་དུ་བྱེད་
བདག་པ་འཇམ་དབྱངས་པའི་སྲས་མོ་གཅིག་དཔོན་པོ་དགེ་ལྡན་པ་ཡིན
དེ་ནས་བཟུང་སྟེ་དེང་སང་གི་བར་དུ་ཡང་དཔོན་བློན་བཞུགས་བཙུན་པ་སོགས་ནས་ཁྲི་སྐོར་གྱི་སྡེ་ལ་ཤོར་གོད་མེད་པ་དང་། ནོར་རྔམས་ཆེ་བ་དང་དཀོན་མཆོག་ལ་གུས་པ་སོགས་ཀྱི་ངོ་མཚར་ཆེ་བ་མུ་ཅན་དུ་ཡོད། སྣ་དཀར་རྩེ་པ་ནི་སེ་ཆེན་གྱི་ལུང་གིས་ཡར་འབྲོག་ནས་བརྩམས་ཏེ། ལྷོ་བྲག་ཚུན་ལ་དབང་བའི་ཁྲི་དཔོན་གྱི་འཇའ་ས་ལེན་པ་ནས་སྡེ་ཚུགས་ཆེ། ས་སྐྱ་དཔོན་ཆེན་ཨག་ལེན་དུ་གྲགས་