R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 58
[A:58]པའི་དྲག་ཤུལ་ཅན་དེ་ཡང་འདི་པའི་ཞལ་ངོ་ཡིན། མངོན་དགའ་ཆོས་སྡེ་འདེབས་པ་སོགས་བསྟན་པའི་ཞབས་ཏོག་ཀྱང་མཛད། ཁྲི་དཔོན་ནམ་མཁའ་བཟང་པོ་དང་ཧེ་རུ་ཀུན་དགའ་རྒྱལ་མཚན་ཁུ་དབོན་[B:59]གྱི་རིང་པཎ་ཆེན་འཇིགས་མེད་གྲགས་པ་མཆོག་ཏུ་བསྐུར་བས་ཡར་འབྲོག་པ་སྐྱ་སེར་མཐའ་དག་ཁོང་གི་གདུལ་བྱར་གྱུར། རིན་སྤུངས་པ་དང་བསྙེན་སྲིད་དུ་འབྲེལ། འདིས་ཆོས་རྗེ་བོ་དོང་བའི་རྣམ་ཐར་ཆེན་མོ་བརྩམས། བས་ཞོ་འཇགས་པ་བྱུང་ནའང་
ཁོང་མཚན་ཇུས་ཚེ་རིང་ཁྲི་སྐོར
བར་སྐབས་ནས་དུས་མི་བདེ་བ་སྣ་ཚོགས་བྱུང་བ་ད་དུང་ཡང་དེ་གའི་མུ་ཅན་དུ་སྣང་ངོ་། །
གཡའ་བཟང་པ་ནི་འགྲོ་མགོན་རིན་པོ་ཆེའི་རྒྱུད་སློབ་ཆོས་རྗེ་ཆོས་སྨོན་ལམ་པས་མེ་སྟག་ལ་གཡའ་བཟང་དགོན་པ་བཏབ་སྟེ། ཡར་ཀླུངས་ཤར་ནུབ། གཉལ་སྟོད་སྨད། མཚོ་སྣ་གྲོ་ཤུལ། བྱར་ལས་སོགས་པའི་ཡུལ་ལྗོངས་རྣམས་སུ་ཆོས་མང་དུ་གསུངས་པའི་འཕྲིན་ལས་ཀྱི་རྒྱུན་ལས་ཉེ་གནས་ལ་ཁྲི་དཔོན་གྱི་ འཇགསའཇའ་ས་ལོན་པ་སྡེ་ཚུགས་མཆོག་ཏུ་ཆེ།[B:59a] བར་སྐབས་ནས་ཕག་མོ་གྲུ་པ་དང་འཐབ་པས་ཁྲི་འོག་རྣམས་ཤོར་ཏེ་སྡེ་ཚུགས་ཞིག སྐབས་ཤིག་དཔོན་རྒྱུད་འགས་མཉལ་ཤེལ་མཁར་བཟུང་འདུག་ནའང་། བྱ་ས་ལ་ཤོར། དེང་སང་མི་རྒྱུད་ཡིན་ངེས་གཅིག་གཉིས་ཡར་ཀླུངས་ན་སྣང་། ཚལ་པ་ནི་ཞང་རིན་པོ་ཆེས་སྡེ་གཙུག་ལག་ཁང་གཉིས་ཀྱི་བདག་པོ་མཛད་པའི་འཕྲིན་ལས་ཀྱི་རྒྱུན་ལས་ཉེ་གནས་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ཏེ། སྐྱིད་ཤོད་སྟོད་སྨད་ཀྱི་ས་བདག་མཛད་། དཔོན་དབུ་འཕང་མཐོ་བ་ཡང་དྲུང་ཆེན་སྨོན་ལམ་རྡོ་རྗེ། ཏའི་སི་ཏུ་དགེ་བའི་བློ་གྲོས་
ཚལ་པ་ཐམས་ཅད་མཁྱེན་པ་ཟེར
དྲུང་ཆེན་ཀུན་དགའ་རྡོ་རྗེ་
འདི་ཡང་མཁྱེན་པ་རྒྱ།