R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 59
[A:59]ཆེ
སོགས་ནང་དོན་དང་རྒྱལ་རབས་དེབ་ཐེར་ལ་མཁས་པ་མང་དུ་བྱོན། ཁྱད་པར་སྨོན་ལམ་རྡོ་རྗེ་བས་ཆོས་འཁོར་གླིང་
ཤ་གཞོན་པས་གདན་ས་མཛད
བཏབ་སྟེ་བཤད་གྲྭ་བཟང་པོ་བཙུགས་[B:60]ཤིང་། མཁྱེན་རབ་ཀྱང་རྒྱ་ཆེ་བ་སྟེ། བུ་སྟོན་རིན་པོ་ཆེའི་ཞལ་ནས། དེང་སང་གསུང་རབ་ཀྱི་གཟིགས་རྒྱ་ལ་ཚལ་པ་དབོན་པོ་ཁོང་ཆེ་ཞེས་གསུངས་སྐད། ཀུན་དགའ་རྡོ་རྗེའི་རིང་ཕག་མོ་གྲུ་པ་ལ་ཁྲི་འོག་ཕལ་ཆེར་ཤོར་ཏེ་བྱ་བྲལ་ལ་ཐེགས་པ་ཡིན་འདུག ཕྱིས་སུ་སྣག་དཔོན་རེ་ཙམ་མ་གཏོགས་གདུང་རྒྱུད་ཀྱི་རིམ་པའང་ཆད་ཟེར། རྒྱ་མ་བ་ནི་སྒྱེར་ཁུ་དབོན་ལུགས་གཉིས་ཀྱི་འཕྲིན་ལས་རྒྱས་པའི་ལྷ་སྡེའི་ཁོག་ཏུ་ཉེ་གནས་ལ་འཕན་ཡུལ་ཚུན་དབང་བའི་ཁྲི་དཔོན་གྱི་ལས་ཀ་བླངས་པར་འདུག་ཅིང་། རྒྱ་ཚལ་གཉིས་ཀས་ས་སྐྱ་པ་དབང་ཐང་ཆེ་རིང་ཁོང་གི་ཤེད་ཁུར་ནས་འབྲི་གུང་པ་དང་འཐབས། དབུ་རུ་སྟོད་པ་རྣམས་དགྲ་རྒྱ་ཚལ་བཀའ་གསུམ་ཟེར་བ་ཡང་ཡོད་དོ། །ཕག་མོ་གྲུ་པའི་ལུང་རྒྱུགས་ནས་ནི་རྒྱལ་ཆེན་རྩེའི་ཁོག་[B:60a]ཏུ་ཁྲི་འོག་ཕལ་ཆེར་སོང་ནས། ཡར་སྣོན་ནམ་རེས་འགའ་མཁར་རྩེ་དང་བསྒྲིལ་བའི་སྟེང་དུ་སྣེ་གདོང་རྩེ་ནས་ཁྲི་དཔོན་གྱི་ལས་ཀ་རིམ་པས་ཞུས་པར་སྣང་ལ། ཕྱིས་དཔོན་
རྒྱལ་ཆེན་རྩེ་པ་དང་སྐུ་མཆེད
ལེགས་ལྡན་པའི་དུས་སུ་ནི་ཕག་མོ་གྲུ་པའི་སྡེ་སྲིད་ཟློས་ཤིང་། མངའ་ཞབས་ཀྱི་དགེ་ལྡན་པ་རྣམས་མཐར་འདེད་པ་དང་། རྗེ་རིན་པོ་ཆེའི་སྐུ་འདྲ་བཤིག་པ་སོགས་བྱེད་པ་འབྲིང་ཙམ་དུ་གྱུར་པ་ལས་ཕྱི་ནང་དུ་དུས་མི་བདེ་བ་རྒྱུན་མར་ཡོད་པ་བྱུང་ངོ་། །འབྲི་གུང་པ་ནི་ཆོས་རྗེ་འཇིག་རྟེན་གསུམ་མགོན་གྱིས་ས་མོ་ཕག་གི་ལོ་ལ་འབྲི་གུང་ཐེལ་བཏབ་སྟེ། གདན་ས་སྟར་ཆགས་སུ་བྱོན་པའི་ལྔ་པ་ཅུང་རིན་པོ་ཆེའི་དུས་