[A:60]སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ནས་དབྱར་དགས་ཚུན་ལ་ལུང་རྒྱུགས། དཔོན་ཆེན་གསུམ་གྱི་རིང་ས་སྐྱ་པ་དང་འཐབ་པས་[B:61]དང་པོར་རྒྱལ་ཕམ་སྤེལ་མར་བྱུང་ཡང་བསྣུབས། རྡོ་རྗེ་ཡེ་ཤེས་པའི་དུས་སུ་གླིང་ལོག་ཆེན་མོ་བྱུང་བ་ནས་བཟུང་སྟེ། མཐའ་རྒྱའི་ཁྲི་འོག་ཕལ་ཆེར་འདུམས་པ་ཡིན་ཞེས་ཟེར། ཆོས་རྗེ་ཉེར་བརྒྱད་པའི་དུས་སུ་སི་ཏུ་ཤཱཀྱ་བཟང་པོས་
གདུང་རུས་སྐྱུ་ར འི་ནང་ཚན་འགགས་པ་ཟེར
ལས་ཀ་བཟུང་སྟེ་ཁྲི་ཁང་ལྷུན་གྲུབ་གླིང་བརྩིགས། ས་སྐྱ་པའི་སྟེང་དུ་གོང་མ་ཏ་སིའི་དམག་གྲོགས་ཀྱི་དཔུང་གཏོང་བ་བྱས་ཤིང་། རེས་འགའ་མ་མཐུན་ནས་ཤཱཀྱ་བཙན་གྱི་བུ་གཉིས་དང་གྲོས་མཐུན་ནས་འོལ་ཁ་སྟག་རྩེ་ལ་སླུས་བརྩམས་པ་ཤཱཀྱ་བཙན་གྱིས་གོང་མ་ལ་ཞུས་ཏེ། བུ་གཉིས་ཆུ་ལ་བསྐྱུར་བ་ན། འོན་པ་མི་མངས་ཀྱིས་ཤཱཀྱ་བཙན་ལ་དེ་འདྲ་ཕོད་པ་ཞེས་འཕྱས་གཏམ་བྱས། ཕྱིས་ཏ་སིའི་གསུང་ཆེམས་སུ། ང་ཡི་མགོ་དང་སྟག་མགོ་སྟག་རྩེ་[B:61a]གསུམ། ཡོད་པ་ཤཱཀྱ་བཙན་གྱིས་བྱས། དེ་ལ་འཐབ་པའི་རྣ་བ་འོན་པ་ཚོ། ཞེས་གསུངས་སྐད། འོན་ཀྱང་གསུང་ཆེམས་སུ་འབྲི་ཞེས་གསུངས་པ་དང་མཐུན་པར་སྡེ་འཁྲུག་ཆེན་པོ་ནི་བྱུང་བར་མི་འདུག ཆོས་ཀྱི་རྒྱལ་པོའི་དུས་སུ་རྫོང་སྤྱི་བསོད་རིན་ནགས་ཤོད་པ
གྱིས་ཁུར་བ་བཀའ་འགྱུར་ཚར་གཉིས་བཞེངས་པ་སོགས་དགེ་ལས་ཆེ་ཞིང་། བྱ་བ་གང་ཡིན་གྱོང་པོའི་གཤིས་ཀྱིས་སྐྱོང་བ་ཞིག་སྟེ། ལན་གཅིག་བྱང་དུ་དམག་ཁྱེར་ཏེ་ཁྱུང་པོ་རུ་བ་དེད་པ་ན་བྱང་པའི་མི་དཔོན་མང་པོ་འདུས་ཏེ། བར་བྱས་ཀྱང་མ་ཉན་པར་བྱང་ཕ་ཚད་དུ་བསྐྱལ་ནས་སྡེ་བཅོམ་ཞིང་། ཡང་ལན་གཅིག་རོང་པོ་དེད་པ་སྟག་ལུང་ཆོས་རྗེ་བཀྲ་ཤིས་དཔལ་བརྩེགས་པས་བྱ་གོས་དར་གྱི་