R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 61
[A:61]གནང་སྦྱིན་མང་པོ་མཛད་ནས་བར་མཛད་ཀྱང་མ་ཉན་པར་སྡེ་བཅོམ་པ་ཡིན་འདུག[B:62] ཆོས་རྗེ་དོན་གྲུབ་རྒྱལ་པོ་བའི་དུས་སུ་གོང་མ་ཡེ་དབང་གིས་གོ་ ཤྲིའི་འཇའ་ས་གནང་བ་ནས་གོ་ཤྲི་རིན་པོ་ཆེ་ཞེས་ཟེར། རྗེ་རིན་པོ་ཆེ་ལས་ཆོས་འབྲེལ་གསན་ཏེ་དཀར་དགེ་འགལ་མེད་མཛད་། སྐུ་ཞང་ཚུལ་རྒྱལ་གྱིས་བསྒོམ་པའི་ཁུར་བ་སྡེ་ཚུགས་བཟང་པོ་བྱུང་ནའང་། སྤྱིར་དཀར་ཕྱོགས་ལ་མོས་པ་མི་ཆེ་ཞིང་ཁྱད་པར་རྐྱེན་མེད་པར་ལོ་དགོན་པ་ལ་སྡེ་དམག་དྲངས་ནས་དགེ་འདུན་དཔོན་སློབ་བཅུ་སྐོར་ཙམ་བཀྲོངས་པ་སོགས་བྱས། ཉེ་ལམ་ད་ར་ཁ་ཆེས་ཁོང་བུ་དང་བཅས་པ་རྐྱེན་ལམ་དུ་བཏང་བ་ལོ་པའི་མཐུ་ཡིན་ཟེར། ད་ར་ཁ་ཆེ་
དགུང་མཁར་བ
སྡོད་མི་བདེ་བའི་ཤོམས་བྱུང་བ་ན་སྣེ་གདོང་རྩེར་རྒྱབ་གཉེར་ཞུས་པས་འཇགས་གཟུགས་གནང་སྟེ་ཉེས་པ་ལས་གྲོལ་བ་ཡིན་འདུག ཆོས་རྒྱལ་རིན་ཆེན་དཔལ་བཟང་པོའི་དུས་[B:62a]སུ་སྟག་ལུང་པ་དང་ཟོར་རྩོད་ཕྲན་ཚེགས་མ་གཏོགས་སྡེ་འཁྲུག་ཆེན་པོ་མི་མཛད་པ་སོགས་ནས་བྱང་བོད་ཀྱི་མི་སྡེ་མཐའ་དག་སོས་དལ་ཞིང་དཀར་ཕྱོགས་ལ་གུས་པ་ཡོད་འདུག སྟག་ཕུ་གོ་ཤྲི་དང་མངའ་རིས་པ་ཡོན་ཏན་གྲགས་སོགས་ལས་ཆོས་འབྲེལ་གསན་ཏེ་དཀར་དགེ་གཉིས་ཆར་ལ་ཐུགས་དད་སྦྱོང་།ཐུགས་རྒྱུད་བཟང་བ་དགེ་འདུན་གྱི་སྡེ་ལ་མཆོད་ཅིང་འབུལ་མི་བྱུང་བ་སོགས་ཀྱང་བཙན་དུ་འཇུག་ཅིང་། ཐ་ན་དགེ་འདུན་རྣམ་པས་གསན་རྒྱུ་ཞེས་པ་ཙམ་ལས་གཞན་སྤྲིང་ཡིག་མི་མཛད། དེ་དུས་བློན་པོ་མགོས་ཆེ་བ་ཡང་རོང་པོ་ཉག་ཆེ་གཉིས། གཞི་སྒོམ་བྱེས་སྒོམ་གཉིས། ཁྲི་རྫོང་གཉིས་ཏེ་དྲུག་ཡོད་པ་ལ། རོང་པོ་བ་བདེ་ལེགས་བཟང་པོས་ཀླུང་ཤོད་དུ་ཆོས་སྡེ་གོང་བཏབ། ཉག་ཆེ་བསོད་ནམས་རྒྱལ་མཚན་གྱིས་དཔལ་