R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 62
[A:62]འབར་དགོན་བཏབ། གཞི་སྒོམ་ཡོན་ཏན་[B:63]རིན་ཆེན་གྱིས་ཆ་དཀར་ཆོས་སྡེ་བཏབ། བྱེས་སྒོམ་བསོད་ནམས་རྒྱལ་མཚན་གྱིས་དགེ་རྒྱས་ཆོས་སྡེ་བཏབ། ཁྲི་ཁང་པ་མགོན་པོ་བཀྲ་ཤིས་ཀྱིས་ཐང་སྐྱ་ཆོས་སྡེ་
ཕྱིས་ཀྱི་ཆོས་སྡེ་གསར་མ
བཏབ། རྫོང་དཔོན་བསམ་གྲུབ་རྒྱལ་མཚན་གྱིས་མཆིན་སྡིངས་
ཕག་མོ་བ་དང་སྐུ་མཆེད་ཡིན
བཏབ། སླར་བྱེས་སྒོམ་རྒྱ་ལུ་དཔལ་
རྩེ་ཁ་མི་དཔོན
གྲགས་ཀྱིས་གསེར་ཟངས་ལས་གྲུབ་པའི་བྱམས་ཆེན་གྱི་སྐུ་དང་གསུང་རབ་མང་དུ་བཞེངས་པ་མཛད་ཅིང་། དགེ་ལྡན་པའི་བསྟན་པ་ལའང་ཤིན་ཏུ་གུས་པར་མཛད། ནང་སོ་དགེ་སློང་པས་རིན་ཆེན་སྒང་གི་ཆོས་སྡེ་གསར་འདེབས་ལྟ་བུ་
གཙོ་ཆེ་བ་མཆིན་སྡིངས་སྤོས
མཛད་ཅིང་གསེར་དངུལ་གྱི་བཀའ་འགྱུར་དང་། རྒྱལ་བ་མི་འཁྲུགས་པའི་གོས་སྐུ་ཆེན་མོ་བཞེངས། ཆོས་རྒྱལ་རིན་ཆེན་དཔལ་བཟང་པོ་འདིས་བླ་དཔོན་སྦྲགས་[B:63a]པ་ལས་སྲས་གཉིས་འཁྲུངས་པའི་ཆེ་བ་དབང་རིན་པོ་ཆེས་མཁར་ཐོག་གསོལ་སྐལ་དུ་བཞེས་ཏེ་ཐེལ་གྱི་བླ་ཟུར་མཛད། གཅུང་པོ་བཅོ་ལྔ་རིན་པོ་ཆེས་བླ་དཔོན་སྦྲགས་པ་སྟག་རྩེ་བའི་སྲིང་མོ་བཞེས་པ་ལས་སྲས་གསུམ་འཁྲུངས་པའི་ཆེ་བ་ཕག་མོར་བྱོན་ནས་བསྒོམ་པའི་ལས་ཀ་བཟུང་བ་ལ་སྲས་བྱམས་པ་ཆོས་ཀྱི་རྒྱལ་མཚན་འཁྲུངས་ཏེ། གསེར་དངུལ་གྱི་བཀའ་འགྱུར་བསྟན་འགྱུར་བཞེངས་པ་སོགས་དགེ་ལས་བཟང་ཞིང་། སྲས་གསུམ་ཡང་འཁྲུངས། གཅུང་ཆུང་བ་ཆོས་ཀྱི་རྒྱལ་པོས་སྤྲོ་ལུང་བཟུང་སྟེ་སྲས་རིན་ཆེན་ཕུན་ཚོགས་པ་འཁྲུངས། འབྲིང་པོ་ཆོས་རྗེ་ཀུན་དགའ་རིན་ཆེན་པ་གདན་སར་བཞུགས་ཏེ། རིན་པོ་ཆེ་ལས་གྲུབ་པའི་སྒོམ་མངས་དང་། གསེར་དངུལ་གྱི་བཀའ་འགྱུར་བསྟན་འགྱུར་བཞེངས་པ་སོགས་མཛད་པ་