R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 63
[A:63]བཟང་པོ་གྲུབ་པ་ཡིན་ནའང་།[B:64] སྐྱ་སེར་འགའ་ཞིག་གིས་ཞུས་སྟབས་ལ་བཏང་བ་འདྲས་དབོན་རིན་ཆེན་ཕུན་ཚོགས་པ་ཡར་ཀླུངས་ལ་འབྱོན་དགོས་པ་དང་། སྐུ་ཞང་སྟག་རྩེ་རྫོང་པ་ཕྱིར་ཕུལ་བ་དང་། ཕག་མོ་ནས་དད་ཀྱང་ཁུ་དབོན་ནང་འཚམས་སུ་ཐུགས་མ་མཐུན་པ་དང་། མངའ་ཞབས་ཀྱི་དགོན་པ་རྣམས་ལ་ཞྭ་བསྒྱུར་མཛད་པའི་རྐྱེན། ཕྱི་ནང་དུ་སྡེ་འཁྲུག་ཁམས་ཆེ་བ་མཛད་དགོས་པ་གཅིག་དང་། ཁྱད་པར་མེ་ཕོ་ཁྱིའི་ལོ་ལ་ཞྭ་སེར་དམར་གྱི་འཁྲུག་པ་ཆེན་པོ་དེ་ལངས། འདི་རེས་ཕག་མོ་ནས་སེར་མོ་བ་དང་ཕྱོགས་གཅིག་ཏུ་བསྒྲིལ། ལོ་ཕྱི་མ་མེ་མོ་ཕག་ལ་འབྲི་གུང་ཆོས་རྗེ་གཤེགས་པ་དགེ་ལྡན་པའི་མཐུ་ཡིན་ཞེས་མི་མངས་ཀྱིས་གླེང་བའང་བྱུང་། དེ་ནས་སྡེ་པ་ཐོག་ཁ་བས་སྔ་སོར་སྤུ་ལུང་ནས་དང་། དེ་རྗེས་ཕག་མོ་ནས་གདན་སར་གཅིག་ཏུ་འབྱོན་[B:64a]པའི་ཞུ་འཇགས་སྒྲིག་པ་ཕག་མོ་ནས་དང་དུ་བཞེས་ནས་
འབྲི་དགེ་ཁ་ཡན་ལྟ་བུར་བཞག
། ས་གླང་ལ་དབོན་རིན་ཆེན་ཕུན་ཚོགས་གདན་སར་བཏོན་ཏེ། ལོ་ཕྱི་མ་ལྕགས་སྟག་ལ་སྲིད་ཕྱོགས་བསྒྱུར་བའི་ལུགས་བྱས། བློ་ཉེ་བརྒྱུད་དེ་སེར་མོ་བ་དང་འཐབ་པ་ན་རང་ཕྱོགས་སུ་སྟག་ལུང་སྟེང་ཧོར། རྒྱ་མ་མཁར་རྩེ། མང་ར་བྱ་ཡུལ་གྱི་དཔུང་རྣམས་ཁྲིད་ཆོག་པ་དང་། སེར་མོ་བའི་ཕྱོགས་སུ་སྡེ་པ་དང་དགོན་པ་མཐའ་རྒྱ་ཡོད་པ་གཅིག་ཀྱང་ལངས་པ་མེད་པའི་ཆེད་དུ་གོང་དཀར་ནས་ཕྱག་ཐམ་ཞུས་ཏེ་འབྲི་གདན་ཞུ་འཇགས་སྒྲིག་སྟེ་མཐུན། ལོ་དེ་གའི་སྟོན་དུས་ཐོག་ཁ་བ་སྲིད་གཏོགས་ཀྱི་དཔུང་ཆ་དཀར་དང་འོད་སྣའི་སྟེང་དུ་བཏེགས་པ། མལ་གྲོ་མདར་སེར་མོ་བོ་བ་དང་འཐབ་སྤྲོད་རེ་ཙམ་བྱས་ནའང་དཔུང་ཁྱད་ཞུགས་པའི་དོན་[B:65]གྱིས་ཆ་དཀར་ཤོར་ཞིང་འོད་སྣའང་