[A:64]བཟུ་ཁོག་ནས་ཞྭ་བསྒྱུར། དེ་ནས་བཟུང་སྟེ་ཐོག་ཁ་བ་སྲིད་གཏོགས་སྡེ་སྲིད་ལ་འཁུར་ཤེད་ཆུང་དུ་སོང་བ་ལ་དཔགས། མཁར་རྩེ་བས་དབུ་རུ་ལ་དམག་ཁྱེར་ནས་གནད་སྤྲད། དེ་མ་བཟོད་པར་ཞུ་འཚམས་པ་རང་གིས་བྱང་དྲངས་ནས་སྡེ་སྲིད་ཀྱི་དཔུང་རུ་གཅིག་མཁར་རྩེར་བཏེགས་ཏེ་བསྐོར་བ་
ནུས་མ་ཐོན
གཙང་དམག་གིས་བོད་ཡུལ་ཆོས་སུ་སླེབས་པ་ནས་ཆིངས་བསྡམས། མཚམས་འདིར་ཆོས་རྗེ་རིན་ཆེན་ཕུན་ཚོགས་པ་ཟུར་བཞུགས་མཛད་དེ། ཕག་མོ་ནས་དབོན་རིན་པོ་ཆེ་ཁྲི་ཐོག་ཏུ་བཏོན། དེ་རྗེས་མེ་བྱ་ལ་ཐོག་ཁ་ནང་སོས་ཀོང་དམག་གཏོས་ཆེ་བ་དང་འགྲིལ་ནས་དཔུང་འོལ་ཁར་བཏེགས་ཀྱང་ནུས་མ་ཐོན། ས་ཁྱི་འདི་ལ་འབྲི་གཙང་སྲིད་དུ་སྒྲིལ་བ་[B:65a]དང་།
སྡེ་སྲིད་འཐབ་པའི་དུས་འཁྲུག་བྱུང་། དེ་ཡང་དཔལ་ས་སྐྱ་བཏབ་ནས་ལོ་བརྒྱད་ཅུ་རྩ་དྲུག་ན་ཕག་མོ་གྲུ་པའི་གདན་ས་བཏབ། དེ་ནས་ལོ་ཉི་ཤུ་རྩ་གཅིག་ན་འབྲི་གུང་ཐེལ་བཏབ། དེ་ནས་དེང་སང་གི་ས་ཁྱི་ལོ་འདི་ཡན་ལ་ལོ་སུམ་བརྒྱ་དྲུག་ཅུ་འདས་སོ་ཞེས་ཤེས་པར་བྱའོ། །སྟག་ལུང་པ་ནི་བོད་ཁྲི་སྐོར་བཅུ་གསུམ་ལ་མི་གཏོགས་ཤིང་ཧོར་དུས་སུ་ལས་ཀ་འདི་བླང་ས་ཀྱང་མི་འདུག སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་གདུང་ག་ཟི
དཔལ་བས་ལྕགས་ཕོ་བྱི་ལོ་ལ་སྟག་ལུང་གི་སྡེ་ཆེན་པོ་བཏབ་སྟེ། དར་བཀྲས་རོང་གསུམ་དབང་དུ་བསྡུས་པས་སྡེ་གཙུག་ལག་ཁང་གཉིས་ཀའི་བདག་པོར་སོང་བ་ཡིན་འདུག རྒྱའི་བསྟན་པ་བྱུང་བ་ན་གོང་མ་ཡེ་དབང་གིས་ཆོས་རྗེ་བཀྲ་ཤིས་དཔལ་རྩེགས་[B:66]པ་ལ་དབང་གི་འཇའ་ས་གནང་། འདི་པ་རྗེ་རིན་པོ་ཆེ་དང་དུས་མཚུངས་ཤིང་། མེས་ཀྱི་དབོན་པོ་ཆོས་རྗེ་བཀྲ་ཤིས་དཔལ་འོད་པས་རྗེ་ལ་གསུང་ཆོས་གསན་ཏེ། རིན་ཆེན་བྲག་གི་ཆོས་སྡེ་འདེབས་པའི་ཐུགས་