R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 65
[A:65]ཁུར་བཞེས་པ་སོགས་ལས་དགེ་ལྡན་པ་དང་འབྲེལ་ཆེ། དེའི་དབོན་ཆོས་རྗེ་ངག་དབང་གྲགས་པ་དང་། ཧོར་ཁང་པ་ཚེ་དབང་གྲགས་པ་དང་། ཧོར་ཁང་པ་ཚེ་དབང་གྲགས་པ་སྐུ་མཆེད་ཀྱི་རིང་ཆོས་ཀྱི་འཕྲིན་ལས་རྒྱས་པར་མ་ཟད། སྟག་ལུང་ཐང་པའི། འཇིག་རྟེན་ཕྱོགས་ཀྱང་བྱང་བོད་ཀྱི་མངའ་འབངས་གུང་ལ་རེག་ཅིང་། ཕྱི་ནང་ཐམས་ཅད་ནོར་གྱིས་གང་སྟེ་ཟད་མི་ཤེས་པའི་ལོངས་སྤྱོད་ཡོད་ཟེར། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་དགེ་ལས་ཀྱང་རྔམས་ཆེ། དེ་ལ་དབོན་གཉིས་བྱུང་བའི་བགྲེས་པ་གདན་སར་[B:66a]བཏོན་པ་རྐྱེན་མེད་པར་ཁད་ཉེར་གཅུང་ལ་གདན་ས་གཏད། སླར་ཅུངགཅུང་གདན་སར་བཞུགས་པ་ལ་རྩོད་པ་ཆེན་པོ་གཏང་། འདི་ལ་སྟག་ལུང་པ་རྣམས་སྔ་གོང་སངས་རྒྱས་ཡར་བྱོན་གྱི་དབོན་པོ་བཀྲ་ཤིས་བླ་མ་དང་སངས་རྒྱས་དཔལ་བ་གཉིས་
འདིས་རི་བོ་ཆེ་བཏབ
གདན་ས་ལ་རྩོད་པའི་བཀའ་ཡིན་ཟེར། གཅུང་བསོད་གྲགས་པ་གཤེགས་ནས་གཅེན་པོ་ཀུན་སྤངས་བཀྲ་ཤིས་དཔལ་བ་ཉིད་གདན་སར་ཡུན་རིང་དུ་བཞུགས་པ་ལྷ་ཆེན་བཞེངས་པ་སོགས་རྣམ་དཀར་གྱི་མཛད་པ་ཆེ་ཞིང་འཇིག་རྟེན་གྱི་སྡེ་ཚུགས་ཀྱང་འབྲི་སྟག་མགོ་མཉམ་དུ་ཡོད་པ་ལ་ཞལ་ངོ་གཅིག་གིས་ཆུ་རྟ་ལོར་ཐོག་ཁ་ནང་སོའི་དཔུང་འཕན་ཡུལ་དུ་འགྲིམས་པའི་རྣ་ཤན་བྱས་པའི་རྐྱེན། རྩེ་ནས་གོང་མ་ཅུང་མ་དགྱེས་པ་ཡིན་འདུག འདིའི་ཁོག་ལོན་པ་འདྲས། ཉེ་[B:67]ལམ་ཕག་མོ་ནས་དཔུང་བཏེགས་ཏེ་སྙོང་རུག་གི་སྡེ་རྣམས་བླངས། འདི་མ་བཟོད་པར་ཐོག་ཁ་བ་སྲིད་དུ་སྩལ་ཏེ་དཔུང་བཏེགས་པས་སྙོང་རུག་གི་ས་ཆ་རང་སོར་ཚུད་པ་བྱུང་ནའང་། ཕྱིས་ཐོག་ཁ་ནང་སོའི་གཞན་དབང་དུ་སོང་སྟེ་སེར་དམག་སྔ་ཕྱིའི་དུས་སྒར་ཕྱི་འབྲང་དགོས་པའི་