[A:71]སོང་བའི་ཆུ་འབྲུག་ལོར་ཆོས་གྲྭ་ཆེན་པོ་རྩེད་ཐང་གི་རྨང་བཏིང་། དེབ་སྔོན་པར་ལྕགས་ཡོས་ལ་[B:72a]བཏིང་ཞེས་ཀྱང་ཟེར། ལོ་འདི་འབྲི་ཁུངགུང་དུ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ་གཤེགས་ནས། ཆོས་ཀྱི་རྒྱལ་པོ་དགུང་ལོ་བཅུ་བདུན་ལ་བཞེས་པ་ཞིག་གདན་སར་བཏོན་པའི་ཕྱི་ལོ་ཡིན་ཅིང་། ཕག་མོ་གྲུ་པའི་གདན་ས་ས་སྟག་ལོར་བཏབ་པ་ནས་བརྩིས་པའི་ལོ་བརྒྱ་དང་དགུ་བཅུ་རྩ་བཞི་པ་ཡིན། དེ་ཡང་ཀླུ་མེས་ཆེན་པོའི་དུས་ནས་ཆོས་སྡེ་རྙིང་མའི་ཐེ་རེལ་གྱི་དབུ་རྩེ་ཞིག་ཡོད་པའི་མདུན་དུ་ཁྱམས། དེའི་ནུབ་ཏུ་སྒོ་ཤར་ལ་བསྟན་པའི་ལྷ་ཁང་། གྲྭ་ཁང་ཆེན་མོ་བཞི་བཅུ་ཙམ་ལྕགས་རི་དང་བཅས་པ་ལེགས་པར་གྲུབ་རྗེས། ཆོས་སྡེ་སོ་སོ་ནས་དགེ་འདུན་དཔོན་སློབ་མང་དུ་སྤྱན་དྲངས། འཆད་ཉན་པ་རྣམས་ལ་དེའི་རྐྱེན་གྱིས་ས་ཞིང་། དགེ
་འདུན་སྤྱི་ལ་ཟན་ཚུལ། སྐྱོ་ཚུལ་ཇ་ཚུལ་རྣམས་བཙུགས་ཏེ་[B:73]བཤད་གྲྭ་ཤིན་ཏུ་དར་བར་མཛད་། ཤིང་རྟ་ལོར་ས་སྐྱ་པ་ནང་འཁྲུགས་ཏེ། བླ་བྲང་ཤར་པས་རྒྱལ་བ་བཟང་པོ་བཙོན་དུ་བཟུང་། དེའི་ཚེ་སི་ཏུ་བས་ཆེན་པོ་རིན་ཆེན་བཟང་པོས་གཙོས་པའི་དམག་གི་དཔུང་ཆེན་པོས་བསྡིགས་ནས་རྒྱལ་བ་བཟང་པོ་བཏོན་ཏེ། གཙང་གི་ས་ཆ་ཕལ་ཆེ་བའི་ཡང་བདག་མཛད། དེ་ནས་བཟུང་སྟེ་ཁྲི་སྐོར་བཅུ་གསུམ་པོ་རྣམས་ཀྱིས་དབུས་གཙང་དུ་གཉེར་དཔོན་བསྐོ་འབེབས་སོགས་ལ་སི་ཏུ་བ་མཁྱེན་པའི་ཐེའུ་ཚེ་ཕུལ་ཅེས་གྲགས། ས་སྐྱ་པ་ནང་འཇིག་པའི་བྱེད་པ་པོ་ནི། སི་ཏུ་བའི་གསུང་ཆེམས་ལས། སྔོན་ཚེ་དཔལ་ལྡན་ས་སྐྱ་པ། མངའ་ཐང་གུང་ལ་རེག་པ་དང་། དཔལ་འབྱོར་ཕུན་[B:73a]སུམ་ཚོགས་པ་ཡོད། དཔོན་ཆེན་ནམ་མཁའ་བརྟན་པ་དེ༑ ན་སོ་གཞོན་པས་ལེན་པ་དང་། ཞེས་འབྱུང་བས་