R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 70
[A:70]གཙང་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུངས་སུ་དྲངས། སི་ཏུ་བ་དང་རྣམ་གཉིས་ཟམ་ཆེན་ཁར་འཛོམས་ནས་ཆིངས་འདུན་གླེང་[B:71a]པ་ན་ས་སྐྱ་པས་བསླུ་སྟབས་བྱས་ནས་སི་ཏུ་བ་བཟུང་།
རྣམ་རྒྱལ་ནས་བཟུང་ཡང་ཟེར
དེ་ནས་སི་ཏུ་བ་དམག་སྣར་གདན་དྲངས་ནས། ཕོ་བྲང་ཨེ་གཏོད་ཀྱི་སྒྱུ་ཐབས་བྱས་ནའང་། དབོན་པོ་གཞོན་ནུ་བཟང་པོ་དང་།
ཀུན་དགའ་ར་བ
དཔོན་ཤཱཀྱ་བཟང་པོ་
མདོང་མཁར་བ
སོགས་བློན་པོ་རྣམས་ཀྱིས། ཞལ་ངོ་བས་སྡེ་སྲིད་གལ་ཆེ་ཟེར་ནས་མ་ཉན། དེ་ནས་གོང་མ་ས་སྐྱར་གདན་དྲངས་པ་ཕྱི་ཞབས་ལ་ཞལ་བསྒྱུར་ནས་བཀྱོན་པས་ཕྱིར་ལོག་ཆོག་པ་འོང་བས་རྟེན་འབྲེལ་བཟང་གསུངས། ས་སྐྱར་
ཤངས་ཀྭ་ཡིན་ཀྱང་ཟེར་
ཕེབས་པ་ན་སྐྱ་སེར་མང་པོས་ས་སྦར་བས་བསྡུས་ནས་ཞལ་དུ་བཏབ་པས། ས་སྐྱ་ཁ་རུ་བཏབ་ཆོག་པ་འོང་བས་རྟེན་འབྲེལ་མཆོག་ཏུ་བཟང་གསུངས། བཞུགས་རིང་སྐུ་ལུས་སྟེང་དུ་འོ་བརྒྱལ་མང་དུ་བརྩེགས་ནའང་ཇི་མི་སྙམ་པར་བསྲན་ཅིང་ཚུགས་སུ་མཛད་པས་ཀུན་གྱིས་[B:72]བློས་མ་འཁྱུད་པ་ཡིན་འདུག ཉེ་ལམ་དབང་བརྩོན་ལ་ཧོར་རྒྱལ་པོས་དཔོན་ཆེན་གྱི་འཇའ་ས་གནང་བར་གོ་བ་ན། རྒྱལ་བ་བཟང་པོས་སི་ཏུ་བ་དང་ལྐོག་ཏུ་མཐུན་པར་མཛད་དེ། ཤོར་བ་ལྟར་དུ་མཛད་ནས་སི་ཏུ་བ་བ་བཏང་། དེ་རྗེས་དབང་བརྩོན་གྱིས་དཔོན་ཆེན་བཟུང་ནས་ཁྲི་སྐོར་བཅུ་གསུམ་གྱི་དམག་ཡར་ཀླུངས་སུ་ལན་མང་དྲངས་ཀྱང་མ་ཐུབ་པར་རིམ་པས་སི་ཏུ་བ་རྒྱལ་ཏེ། ས་མོ་གླང་གི་ལོ་ནས་དབུས་ཀྱི་ས་ཆ་ཕལ་ཆེ་བ་ཁོང་གིས་བླངས། དེའི་ཚེ་ས་སྐྱར་མཁས་བཙུན་པ་གཤེགས་ནས་ལོ་དྲུག་འདས། གདན་ས་ཏི་ཤྲི་ཀུན་དགའ་རྒྱལ་མཚན་བཞུགས་ཐང་ནའང་ཡི་གེ་གསལ་བ་མ་མཐོང་། དེ་ནས་ལོ་གསུམ་