[A:72]ནམ་མཁའ་བརྟན་པ་ཉིད་ཡིན་པ་འདྲ། གོང་མ་འདི་པས་ཆོས་ཀྱི་ལས་ཐབས་སུ་གོང་དུ་བརྗོད་པ་ལྟར་རྩེད་ཐང་གི་བཤད་གྲྭ་བཟང་པོ་བཙུགས་པ་དང་། དེར་མ་ཟད་ཐེལ་གྱི་སྒོམ་གྲྭའི་ཞབས་ཏོག ཚེས་བཞི་རིན་པོ་ཆེའི་སྒོ་མངས་སྐུ་འབུམ་བཞུགས་པའི་ཆོས་ཁང་གསར་མ་བཞེངས་པ།
གསེར་གྱི་བཀའ་འགྱུར་སོགས་གསུང་རབ་མང་དུ་བཞེངས་པ། བུ་སྟོན་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྤྱན་སྔ་གྲགས་པ་རྒྱལ་མཚན། ཀརྨ་པ་རོལ་པའི་རྡོ་རྗེ།
རྟོགས་ལྡན་ཟླ་སེང་བ། བླ་མ་མཉམ་མེད་པ་སོགས་ལས་གསུང་ཆོས་མང་དུ་གསན་[B:74]ཞིང་གུས་མཆོད་མཛད་།དེའི་ནང་ནས་སྔ་མ་གསུམ་ནི་མཆོག་གི་བླ་མར་འཛིན་ཅིང་རྩེད་ཐང་གི་དབེན་དགོན་བསམ་གཏན་གླིང་དུ་སོ་སོའི་གཟིམས་ཁང་ཡང་བརྩིགས། དམག་མང་དུ་མཛད་པ་ལ་དཔག་ནས།
གངས་པ་ཤག་འབུམ་ཞེས་པའི་མཐུ་པ་ཞིག་ཡོད་པ་དེས། བུ་དོལ་ཤེལ་གསུམ་ལ་འདི་བསྒྲལ་ལམ་ཞུས་པས། གཅིག་གིས་བཏང་སྙོམས་སུ་བཞག
གཉིས་ཞལ་མཐུན་པར་བསྟན་པ་སྟོབས་ཀྱིས་སྐྱེས་བུར་འདུག་པས་བསྒྲལ་མི་རུང་གསུངས་པ་དང་། དེར་མ་ཟད་ཨོ་རྒྱན་རིན་པོ་ཆེ་དང་། ཨ་མེས་བྱང་ཆུབ་འདྲེ་བཀོལ་གྱིས་སྤྲུལ་པའི་གང་ཟག་ཡིན་པར་ཡང་ལུང་བསྟན་ཅེས་གྲགས། འཇིག་རྟེན་གྱི་ལས་ཐབས་སུ་རྡོ་དཀར་པོའི་མཚན་མ་ཡོད་པ་ཡན་ཆད་ཀྱི་ལྕགས་རྩེ་གྲི་གུ།[B:74a] འོལ་ཁ་རྟགསྟག་རྩེ། གོང་དཀར། སྣེའུ་རྫོང་།
མེ་སྤྲེལ་ལ
བྲག་ད་ཀར་ མེ་བྱ་ལ
རིན་སྤུངས་བསམ་གྲུབ་རྩེ། སྤན་ནམ། ལྷུན་གྲུབ་རྩེ་རྒྱལ་ཆེན་རྩེ་ཆོས་རྒྱལ་ཆེན་པོའི་དུས་དང་གླིང་དཀར་ཚེས་ལྔ་རིན་པོ་ཆེའི་དུས་སུ་ཆིས་ཏ་སིའི་རྫོང་ལ་མི་བགྲང་
རྣམས་བརྩིགས་ཏེ་སོ་སོར་