[A:73]རྫོང་དཔོན་བསྐོས་པ་ལོ་གསུམ་གསུམ་ན་བརྗེ་བ་དང་། ཉིད་རང་གཞིས་སྐོར་ལ་ཕེབས་པར་མཛད་པ་སོགས་ལས་དྲུང་ཆེན་རིན་པོ་ཆེ་ཏའི་སི་ཏུ་ཞེས་ཕྱོགས་ཐམས་ཅད་དུ་གྲགས། དེང་སང་གི་བར་དུ་ཡང་ཕག་མོ་གྲུ་པའི་སྡེ་སྲིད་ཅེས་མཐོ་དམན་ཀུན་གྱི་གཉའ་བར་གསེར་གྱི་གཤའ་ཤིང་བས་ལྕི་བ་འདི་གོང་མ་དེའི་ཕྱག་རྗེས་ཡིན། དགུང་ལོ་དྲུག་ཅུ་རྩ་གསུམ་
སྤྱན་སྔ་ཆོས་འབྱུང་ནས་གསུངས
པ་ཤིང་འབྲུག་ལོའི་ཟླ་བ་བཅུ་པའི་ཉེར་བདུན་ལ་སྐུ་གཤེགས་པ་སྟེ། ཉེར་བདུན་གྱི་ལོ་མཆོད་སྣེ་གདོང་རྩེར་གཏོང་བ་ཆག་[B:75]མེད་དུ་ཡོད་དོ། །དེབ་སྔོན་མར་ཤིང་འབྲུག་ལོར་ཏ་སི་ཆེན་པོས་སྣེ་གདོང་རྩེའི་ཐུགས་ཁུར་བསྐྱངས་ནས་ཆུ་གླང་ལོར་གཤེགས་པར་མཛད་ཀྱང་དག་པར་མི་སེམས་སོ། །དྲུང་བསོད ་ནམས་བཟང་པོ་བས་བདག་མོ་ཉེ་ཏུ་མ་ཁབ་ཏུ་བཞེས་པ་ལ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན། ཐེལ་དཔོན་རིན་རྡོར་བ། བདག་པོ་ཤག་རིན་པ་དང་གསུམ་འཁྲུངས་པའི་དང་པོ་འཇམ་དབྱངས་པ་ལྕགས་འབྲུག་ལོར་བལྟམས། ཚེས་བཞི་རིན་པོ་ཆེ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་གྲགས་པ་བཟང་པོར་བཏགས། དགུང་ལོ་དགུ་པ་ལ་མཁན་ཆེན་གཞོན་དབང་པ་དང་། སློབ་དཔོན་གཞོན་ཚུལ་བ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ཤཱཀྱ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་གསུམ་ཆུ་འབྲུག་[B:75a]ལོར་རྩེརྩེད་ཐང་གི་གདན་སའི་ཐོག་མ་མཛད། བཀའ་པོད་བཞི་ལ་སྦྱངས་ཏེ་ཚོགས་སུ་གསུངས་ཤིང་།
བུ་སྟོན་རིན་པོ་ཆེའི་དྲུང་དུ་རྡོར་དབྱིངས་ལ་སོགས་པའི་རྒྱུད་སྡེ་གསན་པ་མང་དུ་མཛད་པ་སྟེ། བུ་སྟོན་རིན་པོ་ཆེའི་ཞལ་ནས། མགོན་པོ་གདོང་གི་རི་ཡན་མན་གྱི་ཡར་ཀླུངས་ཀྱི་ཞིང་རེའི་བར་དཀྱིལ་འཁོར་མི་འདྲ་བ་རེ་