[A:75]རྣམས་བྱུང་། ཆོས་འཁོར་མཛད་པའི་ཆུ་གླང་གི་མཇུག་ཧོར་ཟླ་དགུ་པའི་གནམ་གང་ལ་འཇམ་དབྱངས་པ་ཉིད་སྐུ་གཤེགས་
སོ་བཞི་པ
སྡེ་སྲིད་ཀྱིས་འཇིག་རྟེན་གྱི་བདག་པོ་མཛད་པའི་ས་གླང་ནས་བརྩམས་པའི་ཉི་ཤུ་རྩ་ལྔ་པ་ཡིན་པས། ཕག་མོ་གྲུ་པ་ལའང་ས་སྐྱ་པའི་སྐག་བྱུང་ཟེར་ཏེ། ས་སྐྱ་པ་ནང་[B:77]མཚམས་སུ་བཞི་ཐོག་ནས་འཇིག་རྟེན་གྱི་བདག་པོ་ལོ་ཉེར་ལྔ།
བླ་བྲང་ཤར་པས་ཉེར་ལྔ། ཁང་གསར་ཆེན་མོ་བས་ཉེར་ལྔ་མཛད་པ་རྣམས་དང་ལོ་གྲངས་འགྲིག་པ་ལ་བསམས་པའོ། །ཆུ་གླང་འདི་རྗེ་རིན་པོ་ཆེ་མདོ་སྨད་ནས་དབུས་སུ་ཕེབས་པའི་ལོའང་ཡིན། ཐེལ་དཔོན་རིན་རྡོར་བས་ཟི་སྣ་བཀྲ་ཤིས་སྐྱིད་བདག་མོར་བཞེས་པ་ལ་སྲས་གཉིས་ཡོད་པའི་ཆེ་བ་རྒྱལ་སྲས་གྲགས་རིན་པ་ས་གླང་ལོར་འཁྲུངས། ཏའི་སི་ཏུས་འཇིག་རྟེན་གྱི་བདག་པོ་མཛད་པའི་ལོ་ཡིན། དགུང་ལོ་བཅུ་བདུན་པར་རྩེད་ཐང་གདན་ས་གཉིས་པར་བྱོན་ཏེ། བཅུ་དགུ་པ་མེ་ལུག་ལོར་ནང་སོ་ཉིད་དུ་སྐུ་གཤེགས། འབྲིང་པོ་ཚེས་བཞི་གསར་མ་བ་གྲགས་པ་བྱང་ཆུབ་རྗེ་རིན་པོ་ཆེའི་བླ་མ་མ་ཡིན
མེ་སྤྲེལ་ལོར་འཁྲུངས། རྗེ་རིན་པོ་ཆེ་འཁྲུངས་པའི་[B:77a]སྔ་ལོ་དང་། གོ་ཤྲི་བའི་བཅུ་བདུན་པ་ཡིན། དགུང་ལོ་བཅུ་དྲུག་པ་ལ། བཅུ་གཉིས་པའི་རྗེས་ཀྱི་གདན་སའི་སྤྱན་སྔ་དང་། བཅུ་དགུ་པ་ཤིང་སྟག་ལ་སྣེ་གདོང་རྩེའི་ཁྲི་ཐོག་ཏུ་བྱོན། འཇམ་དབྱངས་པ་གཤེགས་པའི་ཕྱི་ལོ་དེ་ག་ཡིན། ལོ་བརྒྱད་ཀྱི་བར་དུ་བླ་དཔོན་སྦྲགས་ནས་ཉེར་དྲུག་པ་ལྕགས་བྱ་ལ་རྩེའི་ཐུགས་ཁུར་བོར་ཏེ། ཐེལ་ཉིད་དུ་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོར་བཞུགས། སོ་གཅིག་པ་མེ་སྟག་ལོར་སྐུ་གཤེགས།
ཡུམ་མི་གཅིག་པའི་གཅུང་ཆུང་བ་བསོད་གྲགས་པ་ས་ཕག་ལོར་འཁྲུངས།