R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 74
[A:74]བཞེངས་ཀྱང་ཁེབས་པར་ཡོད་ཅེས་གཟེངས་བསྟོད་པའི་གསུང་བྱོན་ཞེས་གྲགས། བཅུ་དགུ་པར་ཆོས་རྗེ་བླ་མ་ད་མ་པས་མཁན་པོ་དང་། མཁན་ཆེན་བསོད་དབང་པ་དང་གཞོན་དབང་པས་ལས་སློབ་གསང་སྟོན་མཛད་དེ་བསྙེན་པར་རྫོགས། རྩ་གཅིག་བར་ལྷ་སར་ཆོས་ཀྱི་འཁོར་ལོ་བསྐོར་བས་རྒྱལ་སྲས་བདེ་འབྱུང་བ་སོགས་སྐྱིད་ཤོད་ཀྱི་མཁས་པ་མཐའ་དག་དགྱེས་པར་མཛད། ཉེར་དྲུག་བཞེས་པ་ཤིང་མོ་སྦྲུལ་[B:76]ལོར་རྒྱལ་པོ་ཐོ་གན་གྱིས་གོ་ཤྲིའི འཇའ་ས་གནང་ནས་སྣེ་གདོང་གི་ཁྲི་དཔོན་དུ་བསྐོས། དབུས་གཙང་དུ་བསྐོ་འབེབས་སོགས་ཅི་བྱེད་ནའང་མི་རྒྱུད་དང་བཅས་པ་ཤེས་སུ་ཆུག་གསུང་བའི་འཇབ་ས་དྲིལ་བསྒྲགས། དེ་ནས་ལོ་གསུམ་སོང་བའི་ས་སྤྲེལ་དེ་རྒྱ་ཧོར་བསྟན་པ་བརྗེས་པའི་ལོ་ཡིན། ལན་ཅིག་གཙང་དུ་དམག་འདྲེན་དགོས་བྱུང་བའང་ཆོས་སྐྱོང་རྣམས་ཀྱིས་གྲོགས་བྱས་ནས་མི་མཐུན་ཕྱོགས་ཚར་བཅད་ཅེས་གྲགས། སོ་པཞི་པ་ཆུ་གླང་ལོར་དཔལ ་ལྡན་བླ་མ་གྲལ་དབུར་སྤྱན་དྲངས་ཏེ། སྣེ་གདོང་ཆོས་འཁོར་ཆེན་མོར་གྲགས་པ་མཛད། མེ་གླང་གི་ཆུ་མིག་ཆོས་འཁོར་ནས་བརྩིས་པའི་ལོ་དགུ་བཅུ་རྩ་བདུན་པ་ཡིན། ས་སྐྱ་པའི་སྡེ་སྲིད་སྒང་ལ་བཞག་པའི་ཚད་ཆུ་མིག་ཆོས་འཁོར་དང་།[B:76a] ཕག་མོ་གྲུ་པའི་རྗེ་སྲིད་སྒང་ལ་བཞག་པའི་ཚད་སྣེ་གདོང་ཆོས་འཁོར་དུ་བྱེད། རབ་ཏུ་བྱུང་བའི་ཕྱོགས་སུ་ཡོ་བྱད་གཏོང་ལུགས་ཤིན་ཏུ་ རྔམསངོམས་ཆེ་བ་སྟེ། རྗེས་སུ་ཡི་རང་བར་བྱས་ན་བདག་དང་གཞན་བསོད་ནམས་མཉམ་པ་ཉིད་ཅེས་བྱ་བ་དེ་ཐོབ། སྣེ་གདོང་ཆོས་འཁོར་གྱི་བྱེད་པ་པོ་ནི་རྫོང་སྤྱི་རྒྱལ་མཚན་བཟང་པོར་གྲགས་པ་སྟེ། དེའི་སྲས་གྲགས་པ་རིན་ཆེན་དང་། དེ་ནས་རྒྱུད་པ་ལ་དགེ་མོ་བའི་དཔོན་རབས་