R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 83
[A:83]བཞེས་པ་ལ་སྲས་རྡོ་རྗེ་རིན་ཆེན་དབང་གི་རྒྱལ་པོ་ཞེས་པ་འཁྲུངས། རྒྱ་ནག་ཅིང་ཧོ་རྒྱལ་པོས་གསེར་ཡིག་པ་མངགས་ཏེ་དབང་གི་འཇའ་ས་གནང་བ་ནས་བཟུང་སྟེ། དབང་ཀུན་དགའ་ལེགས་པ་ཞེས་ཟེར།[B:85a] གཞིས་སྐོར་ལ་ཕེབས་པ་ན། སྡེ་དཔོན་ཐམས་ཅད་ཀྱིས་གུས་མཆོད་ཆེན་པོ་བྱས་ཤིང་། ཁྱད་པར་གཙང་ལ་བྱོན་པའི་ཚེ། རིན་སྤུངས་ནས་འཕྲལ་གྱི་ཞབས་ཏོག་དུས་བབ་ལ་ཤ་མར་ཐུད་གསུམ་གྱི་སྟོན་ཆེན་རྫོང་ཆེན་གཉིས་སུ་འབུར་དོད་ཀྱི་ནོར་སྣའི་འབུལ་བ་བསམ་གྱིས་མི་ཁྱབ་པ་བསྒྲུབས་ལ། དེ ་མཐུན་སྤན་རྣམ་ལྷུན་གྲུབ་རྩེ་དང་། གླིང་དཀར་རྫོང་དུའང་འབུལ་ཞབས་ཕུན་སུམ་ཚོགས་པ་དང་། ལ་སྟོད་ལྷོ་བྱང་དང་རྩེ་ཤར་ནུབ་ཀྱིས་ཀྱང་འབུལ་ཆེན་བྱས་ཞེས་གྲགས། འོན་ཀྱང་རིན་སྤུངས་ནོར་བཟང་པ་དཔོན་བློན་རྣམ་པའི་མཛད་སྤྱོད་ཁོག་ལ་མ་མགུ་བ་ཡིན་འདུག སྐབས་ཤིག་ནས་གོང་མ་ཉིད་ཀ་བཞི་པ་སྐུ་མཆེད་ཀྱི་གཞན་དབང་དུ་སོང་སྟེ་ཡབ་ཡུམ་ཐུགས་མ་མཐུན་ནས་སྡེ་འཁྲུག་ལུང་བསྟན་མང་[B:86]པོ་བྱུང་སྟེ། ཡར་གོང་བྱ་ས་བསམ་སྡེ་བ་རྣམས་བདག་མོ་བའི་ཕྱོགས་དང་། སྣེའུ་པ་དང་འོལ་ཁ་བ་སོགས་དཔོན་ས་དཔོན་བློན་གྱི་ཕྱོགས་སུ་གྱུར། མེ་ཕག་ལ་གདུང་རྒྱུད་རྡོ་རྗེ་རིན་ཆེན་རྩེད་ཐང་གདན་སར་བསྐོས། ཡབ་ཀྱི་དགུང་ལོ་སོ་ལྔ་པ་ཡིན། དེ་ནས་ཡུམ་སྲས་ཕྱོགས་གཅིག་པ་ལ་བརྟེན་རྩེད་ཐང་གི་སྡེ་གཟར་དེ་ཡང་ལངས་ཤིང་། རྩེད་ཐང་ཉེ་གནས་ཆེན་མོ་བཀྲས་བཟང་གིས་སྣེ་གདོང་ཐོད་པ་རི་དང་། ཙན་ཐང་བཀྲ་ཤིས་སྒང་བཀུམས་པ་སོགས་བློས་མི་འཁྱུད་པའི་དགྲ་འཐབ་བྱས་ཟེར། དེ་དུས་འཕྱོངས་རྒྱས་པ་གང་གིའང་ཕྱོགས་སུ་མ་ཆས་པ་ཡིན་འདུག མེ་ཁྱི་ལ་རིན་སྤུངས་ནོར་བཟང་