R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 84
[A:84]གཤེགས་པ་སོགས་གང་ས་ནས་རིན་སྤུངས་པའི་དཔུང་གིས་འཕྲལ་དུ་མ་ཕན། བར་སྐབས་འདིར་གོང་མ་ཉིད་སྐྱིད་ཤོད་དུ་ལན་གཅིག་གཉིས་[B:86a]ཕེབས་པ། ནང་སོ་དྲུང་ཆེན་དཔོན་བློན་གྱིས་གུས་མཆོད་ཆེན་པོ་མཛད། དེ་ནས་དཔོན་ས་གདན་ས་བ་དགུང་ལོ་བཅུ་དགུ་པའི་སྟེང་དུ་གཤེགས་ཤིང་། ཡུམ་ཆོས་དཔལ་བཟང་མོ་བ་ཡང་གཤེགས་ནས་མཁར་ཐོག་དགོན་གསར་གཉིས་ནང་སོ་མཚོ་སྐྱེས་པས་བཟུང་། རྩེད་ཐང་གི་སྡེ་གཟར་རྒྱུན་ཞི་ནའང་། རྩེ་ནས་རྩེད་ཐང་ཚོགས་པ་ལ་ཞྭ་དམར་གྱོན་དགོས་པའི་ཁྲིམས་བསྒྲགས་པ་གྲྭ་པ་རྣམས་མ་འདོད་ནས་ཕལ་ཆེར་གྱིས་ལྷན་པ་དམར་པོ་རེ་ཙམ་བརྒྱབ་པ་གྱོན་པ་དང་། མགོ་ཡུ་བྱེད་པ་སོགས་མི་མཛེས་པ་ཆེན་པོ་བྱུང་ཞེས་གྲགས། དེ་དུས་སྡེ་དཔོན་མགོས་ཆེ་བ་ཡང་སྣེའུ་པ་དཔལ་འབྱོར་རྒྱལ་པོ། རིན་སྤུངས་པ་ཀུན་ཏུ་བཟང་པོ། རིན་ཆེན་དཔལ་བཟང་། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་ཏེ་སྐུ་མཆེད་བཞི། འོལ་ཁ་མཁན་ཆེན་པ། འཕྱོངས་རྒྱས་པ་[B:87]རྡོ་རྗེ་ཚེ་བརྟན། བྲག་དཀར་བ་དངོས་གྲུབ། རིན་ཆེན་ལྷུན་པོ། དཀོན་མཆོག་དོན་གྲུབ་སྟེ་སྐུ་མཆེད་གསུམ། བྱ་བཀྲ་ཤིས་དར་རྒྱས། གོང་དཀར་གྲལ་ལྔ་རྒྱལ་པོ། ཡར་རྒྱབ་རིན་ཆེན་རྒྱལ་པོ། བསམ་སྡེ་གྲགས་པ་མཐའ་ཡས། སྐྱིད་ཤོངས་ཕག་སྨྱོན་པ་སོགས་ཡོད། ཚེས་ལྔ་རིན་པོ་ཆེ་ནས་མཁར་པའི་སྲིང་མོ་ཞིག་དང་ལྷན་གཅིག་ཏུ་འདུས་པ་ལས། གདུང་རྒྱུད་ངག་གི་དབང་པོ་ས་ལུག་ལོར་རྒྱལ་རྩེར་འཁྲུངས། ཚེས་ལྔ་པའི་ཉེར་དྲུག་པ་དང་། ཀུན་དགའ་ལེགས་པ་བའི་དགུང་ལོ་བདུན་པ་ཡིན། དགུང་ལོ་བཅུ་དྲུག་པ་ཤིང་ཁྱི་ལ་ཆེ་ས་དགོན་གསར་བ་དང་གོང་མ་ཀུན་ལེགས་བཀའ་བསྒོས་ནས་ཐེལ་གྱི་སྤྱན་སྔར་