[A:86]སོགས་ཏེ་དཔོན་རིགས་མང་པོ་ལྕགས་མོ་གླང་གི་སྣེ་གདོང་ལོ་གསར་སྟེང་དུ་འཚོགས། དཔོན་ས་ཁུ་དབོན་གཉིས་མཐུན་སྒྲིག་པ་ཡིན་ཟེར་བའི་[B:88a]གཏམ་བསྒྲགས་ཏེ། སྤྱན་སྔ་ངག་གི་དབང་པོ་ལྷོ་ཁར་སྤྱན་དྲངས། གོང་མ་དགོན་གསར་དུ་གདན་དྲངས་ནས། སྤྱན་སྔ་བ་ཉིད་རྩེའི་ཁྲི་ཐོག་ཏུ་བཏོན་ཏེ། རྫོང་ཁ་བའི་སྲིང་མོ་ཞིག་བདག་མོར་ཕུལ། དེའི་ཚེ་སྤྱན་སྔ་བའི་ཞེ་གསུམ་པ་ཡིན། ལོ་འདི་ལ་འོན་མདའ་གསལ་ཁང་རྩེར་འགོས་ལོ་ཙཱ་བ་
དགུ་བཅུ་པ
གཤེགས། ཏ་སི་གཤེགས་ནས་ལོ་བརྒྱ་དང་དགུ། གྲགས་པ་རྒྱལ་མཚན་པ་གཤེགས་ནས་བཞི་བཅུ་རྩ་དགུ། གྲགས་པ་འབྱུང་གནས་པ་གཤེགས་ནས་སུམ་ཅུ་རྩ་དྲུག་རྣམས་སོང་ཞིང་། ལྕགས་གླང་དེ་ནས་དེང་སང་གི་ས་ཁྱི་འདི་ཡན་ལ་ལྔ་བཅུ་རྩ་བརྒྱད་ཐལ། དེ་ནས་ནང་སོ་མཚོ་སྐྱེས་པས་བློན་ཆེན་དང་། འཐོན་པ་གདུང་མྱང་
རིན་ཆེན་དར་རྒྱས་ཀྱིས་ཀ་བཞི་བཟུང་། ལོ་གསུམ་པ་ཆུ་ཡོས་ལ་གོང་མ་ཀུན་ལེགས་པ་ལྔ་བཅུ་རྩ་གཅིག་[B:89]བཞེས་པ་ལ་གཤེགས། རྩེ་ནས་དགོངས་རྫོགས་ཀྱི་འདབ་ཆེན་པོ་མཛད། དེ་ནས་ལོ་གསུམ་པ་ཤིང་སྦྲུལ་ལ་རིན་སྤུངས་པས་རྒྱང་རྩེ་བའི་ཁར་དམག་ཁྱེར་བ་གཡུང་པ་བཙོན་དུ་ཤོར་བའི་ཇུས་ཉེས་དེ་བྱུང་། ལོ་འདི་ལ་རྒྱང་རོ་སྤེ་རྒྱའི་ཇུས་ཉེས་ལོ་ཟེར། དེ་མཐུན་དབུས་སུ་སྡེ་གཟར་བྱུང་ཡང་གོང་མ་ཉིད་སྤྱི་དཔོན་དུ་བཞུགས། འདི་པ་སྤྱིར་ཡང་སྡེ་འཁྲུག་ལ་མི་དགྱེས་ཤིང་། དཔལ་ཆོས་ཀྱི་གྲགས་པ་ཏི་ཤྲི་བསྟེན
ནས་ཐེག་པ་ཆེན་པོའི་ཆོས་མང་པོ་གསན་པ་དང་། རྩེད་ཐང་གི་མཚན་ཉིད་པ་རྣམས་ལ་ཐུགས་རྩིས་ཆེན་པོ་མཛད་པ་དང་། རྩེ་རྩེད་ཐང་གི་སྒྲུབ་མཆོད་ཆེན་མོའི་བདག་རྐྱེན་བཟང་པོ་མཛད་པ་དང་། ཉང་པོ་གྲུ་ལ་