[A:87]ལྕགས་ཀྱི་ཟམ་མོ་ཆེ་འཛུགས་པ་སོགས་རྣམ་དཀར་གྱི་མཛད་པ་བཟང་།
དགུང་[B:89a]ལོ་ལྔ་བཅུ་པ་ས་སྤྲེལ་ལ་འཇང་ཕོ་བྲང་དུ་གདུང་རྒྱུད་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས། ལོ་འདི་ལ་རྩེ་ཤར་ནུབ་ནང་ཞིག་ནས་རིན་སྤུངས་པ་མཚན་ཇུས་རྒྱལ། དེའི་ཕྱི་ལོ་ས་བྱི་ལ་ཡུམ་རྫོང་ཁ་མ་གཤེགས།
དུ་དབེན་ཤ་ཕྱི་མ་
སེ་ར་རྩེར
གཤེགས་པ་དང་ལོ་གཅིག ཕྱི་ལོ་ལྕགས་ཁྱི་ལ་དྲུང་ཆེན་དཔལ་འབྱོར་རྒྱལ་པོ་དང་། དེའི་ཕྱི་ལོ་ལྕགས་ཕག་གི་ཟླ་བ་དྲུག་པའི་ཚེས་གཉིས་ལ་གོང་ཉིད་གཤེགས་པས་ཚེས་གཉིས་རིན་པོ་ཆེ་ཞེས་གྲགས། དགུང་ལོ་ལྔ་བཅུ་རྩ་གསུམ་པ་ཡིན། དེའི་ཚེ་ཐེལ་གྱི་མཁན་སློབ་ཆོས་གསུམ། རྩེད་ཐང་གི་ཆེན་ལས། ཆེ་བགྲེས་ཆོས་ཁྲིམས་པ།
བྲག་ཁ་ནས་དགེ་སློང་བསམ་གྲགས་པ། སྐྱིད་ཤོངས་ཕག་སྨྱོན་པ། འཆོས་པ་བསོད་བཀྲས་པ། རྫོང་དཔོན་ཉི་མ་བ། གསེར་པ་སངས་རྒྱས་རྡོ་རྗེ་བ་སོགས་ཡར་འོན་ཐིལ་[B:90]སྐོར་གྱི་གྲོས་དབང་རྣམས་པས་སྤྲུལ་སྐུ་རིན་པོ་ཆེའི་དགོངས་པ་ཞུས་ནས། ཕྱི་ལྟར་གདུང་རྒྱུད་རིན་པོ་ཆེ་སྐུ་ནར་མ་སོན་བར་དུ་ཁོང་རང་རྣམ་པས་ཞབས་ཐག་སྲིང་བའི་ལུགས་བྱས། ནང་དོན་དུ་རིན་སྤུངས་པའི་ཞལ་ངོ་གཅིག་གདན་འདྲེན་པ་ལ་ཐག་གཅོད་གཙང་དུ་དེ་གའི་རྒྱུན་འབུལ་མི་བཏང་བ་ལས། བདེ་ཆེན་རྩེ་ནས་མཚོ་སྐྱེས་པ་འབྱོན་པ་བཀའ་གྲོས་སུ་ཤར་ཏེ། སྐུ་འདབ་ཐང་སྟོན་ཆེན་མོ་གཏོང་བའི་སྐབས་སུ་ཕེབས་གྲུབ་ནས། དཔོན་ཚབ་ཐེལ་གཏོང་བྱས། དེ་ལ་བརྟེན་ནས་ཆུ་བྱིའི་དབྱར་སོས། ཡར་ཀླུངས་སྐོར་ཚོར་སྡེ་གཟར་ཕྲན་ཚེགས་ལངས། ཆུ་བྱིའི་སྟོན་དུས་སྡེ་པ་སྒར་པ་དང་། ནང་སོ་ཀུན་བཀྲས་པས་གཙོས་པའི་གཙང་པའི་དཔུང་ཡར་འབྲོག་བརྒྱུད་དེ་གཞུང་དུ་ལྷགས་པ་ཡར་གོང་སྣེལ་གསུམ་