[A:85]བཏོན། སྤྱན་སྔ་ཉེར་གཉིས་པར་གཤེགས་ནས་ཤིང་ཁྱི་འདི་ཡན་གྱི་ལོ་ཉི་ཤུར་གདན་ས་སྟོངས་པ་ཡིན་ཟེར། འགོསམགོས་ལོ་ཙཱ་བ་[B:87a]སོགས་ལས་གསུང་ཆོས་མང་པོ་གསན་ཏེ། མཁྱེན་པ་རྒྱ་རི་ཆེ་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་རྟེན་དུ་བཞུགས། མཁར་པ་དགེ་སློང་གིས་གཉེར་པ་དབང་འཛིན་བྱས་ཏེ། དཀར་ཕྱོགས་ཀྱི་དགེ་ལས་ཀྱང་རྒྱ་ཆེ། ཉི་ཤུ་ལོན་པ་ས་སྟག་ལ་གོང་མས་ཐེལ་གྱི་སྤྱན་སྔ་ཧབ་ལེན་བྱས་པ་སོགས་ལས། བཅུ་དྲུག་ཙམ་དུ་བྲག་ཁ། རྒྱལ་བཟང་གཉིས་རང་དུ་བཞུགས། སླར་ཆུ་སྦྲུལ་ལ་མཚན་ཇུས་རྒྱལ་ཏེ། ཡང་དགོན་ཕོ་བྲང་དུ་ཕེབས་པ་འཕྲིན་ལས་རྒྱས་པ་བྱུང་། དེ་ནས་ལོ་བདུན་སོང་བའི་ལྕགས་བྱི་ལ་རིན་སྤུངས་དོན་ཡོད་རྡོ་རྗེ་དང་། གཡུང་པ་ཚེ་དབང་དཔོན་བློན་གྱིས་དམག་གཏོས་ཆེ་བ་དྲངས་པ། ཡར་གོང་གཉིས་ཀྱི་དཔུང་དང་ལྷན་སར་ཡར་ཀླུངས་མཐིལ་དུ་སླེབས་ཏེ། ཀ་བཞི་ཤར་ནུབ་གཉིས་གཉེར་ཐོག་ནས་བཏོན། སྐྱིད་ཤོད་དུ་བཏེགས་པ་བྲག་དཀར་[B:88]བའི་སྡེ་སྲིད་ཚང་དུ་ཚུད་པ་དང་། ཆུ་ཤུལ་ལྷུན་པོ་རྩེ་སོགས་རྫོང་གཞིས་འགའ་ལེན་པ་ནས། གཞིས་ཀ་སྣེའུ་པ་དང་སྐུ་མཆེད་བདེ་བདུན་མཛད། དེ་ནས་རིན་སྤུངས་པ་ཁུ་དབོན་དུ་དབེན་ཤ་ངག་དབང་བསོད་ནམས་རྒྱལ་པོ། འཕྱོངས་རྒྱས་པ་རིན་ཆེན་རྒྱལ་མཆོག
བྲག་དཀར་བ་སྲིད་ཆོས་རྒྱལ་པོ། འོལ་ཁ་བ་ནོར་འཛིན་ཆོས་རྒྱལ། སྤན་རྣམ་པ་ཀུན་དགའ་བཀྲ་ཤིས། བསམ་སྡེ་བ་ལྷ་རྣམ་རྒྱལ་འོད། ཡར་རྒྱབ་པ་རིན་ཆེན་རྒྱལ་པོ་སྐུ་མཆེད། གོང་དཀར་བ་ལྷ་དབང་ཀུན་དགའ།
བྱ་བཀྲ་ཤིས་དར་རྒྱས༑ བུ་ཚལ་པ་ཁམས་གསུམ་རྣམ་རྒྱལ། ཧོར་ཁང་པ་ཚེ་དབང་གྲགས་པ། རྒྱལ་ཆེན་རྩེ་པ། སྐྱིད་ཤོངས་པ་སྐུ་མཆེད་