[A:89]འདིས་དཔོན་ས་དང་རིན་སྤུངས་པ་[B:91a]དཔོན་བློན་གྱི་འཁོན་གཞིའི་འགོ་ཚུགས་ཟེར། དེའི་ཕྱི་ལོ་ལྕགས་རྟ་ལ་ཡར་ཀླུངས་སུ་ནང་སོ་མཚོ་སྐྱེས་པ་གཤེགས།
གདུང་འདབ་གྲུབ་འཕྲལ། ངག་དབང་རྣམ་རྒྱལ་བས་གཙོས་པའི་དཔུང་གཡེ་བླ་འབྲིང་བའི་སྟེང་དུ་ཁྱེར་བ། རྩེ་ནས་ཟློག་ཅི་ཐུབ་མཛད་ནའང་སྒར་པ་མ་གསན། དཔོན་བློན་འཁོན་གཞིའང་ཅུང་ཆེར་སོང་། སྤྱན་སྔ་རིན་པོ་ཆེས་འདི་ཐུགས་ཀྱི་མ་བཟོད་པར། ནང་སོ་དོན་ཡོད་པ་ལ་ཕག་མོ་གྲུ་པའི་སྡེ་སྲིད་འདི་སྤྱིར་རྒྱལ་ཁམས་པ། དགོན་སྡེ་དཔོན་རྣམ་པ། ཡང་དགོས་ཁྱེད་རིན་སྤུངས་པར་གཅེས་པས་རྫོང་གཞིས་མགོས་ཆེ་བ་ཞིག་ཕུལ་ནས། དགོངས་ཁྲེལ་སེལ་ལུགས་བྱས་ན་ལེགས་ཞེས་ཞལ་ཏ་མཛད་པ། གསན་པ་ལྟར་དུ་བཅོས་ནས་སྤྱན་སྔ་དང་གོང་མ་ཡོན་མཆོད་སྦྲགས་མདར་གདན་དྲངས། འཕྲལ་གྱི་[B:92]ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས་ནས་གུས་གུས་ལྟར་མཛད་པ་ལ་འབུལ་བའི་ཐད་དུ་བྱར་ལུང་པ་ཕུལ་བས། མཆོད་ཡོན་གཉིས་ཀ་མ་དགྱེས་ནས། སྤྱན་སྔ་རིན་པོ་ཆེ་ཐུགས་རིངས་པ་བཞིན་དུ་ཡངས་པ་ཅན་ལ་ཕེབས།
འདི་ནས་མཆོད་ཡོན་མཇལ་འཕྲད་མེད
གོང་མས་འབུལ་བའི་ནོར་སྣ་ཕལ་ཆེར་བསམ་ཡས་ཀྱི་གནས་ཁ་རྣམས་སུ་སྐྱེལ་ཞིང་། གོ་ཁྲབ་རྣམས་ཆོས་སྐྱོང་གཞི་བདག་གི་སྤྱན་གཟིགས་ལ་ཕུལ་ནས་འདོད་ཞེན་མེད་པ་ལྟར་མཛད། འདི་ལ་སྡེ་པ་སྒར་པའང་མ་དགྱེས་པ་ཡིན་འདུག འདི་གའི་ཕྱི་ལོ་ཆུ་སྤྲེལ་ལ་སྡེ་པ་རང་ལོ་ལྔ་བཅུའི་སྟེང་དུ་གཤེགས་པ་མ་གསང་བར་འདབ་ཆེན་པོ་བཏང་ཞིང་། གསུང་ཆེམས་ལྟར། སྣ་དཀར་རྩེ་ནས་ཟིལ་གནོན་པ་བོས་ནས་ཞལ་ངོར་བཏོན། ཆུ་སྤྲེལ་དེ་གའི་མཇུག་ལ་ཕོ་བྲང་ནས་[B:92a]ཆིན་ཤྲི་དང་གོ་ཤྲི་དཔོན་གཡོག་མང་པོ་