R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 90
[A:90]མངགས་ཏེ། རྩེར་དབང་གི་འཇའ་ས་གནང་། དེ་ནས་ཆུ་བྱ་ལ་འབྲི་གུང་ཆོས་རྗེ་ཆོས་རྒྱལ་བ་སྐུ་གཤེགས་ནས། དབོན་རིན་པོ་ཆེ་ཡར་ཀླུངས་སུ་བྱོན་ཏེ། རྩེར་རྒྱབ་གཉེར་ཞུས་པ་རྩེ་ནས་མི་སྣ་གནང་ཞིང་ཁྲིམས་བདག་ངོ་བོ་གཙང་དུ་ཁ་བསྒྱུར་བ་ལ། ཕྱོགས་སུ་ལྷུང་བའི་གཟུ་མཛད་པས། དཔོན་ས་དང་རིན་སྤུངས་པའི་ཞལ་ངོ་ཕྱི་མ་རྣམས་ཀྱིའང་འཁོན་གཞིར་སོང་། དེ་ནས་ཤིང་ཕག་ལ་བསམ་སྡེ་བས་སྡེ་གཟར་གྱི་སྣ་བླངས་པར་བརྟེན། སྡེ་སྲིད་ཀྱི་དཔུང་ཡར་སྟོད་དུ་ཁྱེར་བ་ཡོ་ཁྱམས་སུ་གཏོང་རྩིས་བྱུང་ཡང་། འཕྱོངས་རྒྱས་ནས་འཇགས་ཁ་མཛད་པས་འཚོ་ཐུབ་བྱུང་། དེ་ལ་གཙང་ནས་འཕྱོངས་རྒྱས་པས་ངེད་རིན་སྤུངས་པའི་ཁྲིམས་བདག་ཕྲོགས་པ་ཡིན་ཞེས་སྙད་བཏགས་ཏེ། དཔུང་ཞེ་གྲབས་[B:93]བྱེད་པ་དང་། རྩེར་ན་མ་སྤོངས་ཆེན་པོའི་ཞུ་བསྐོར་དྲག་པོ་བྱས། དེ་ལ་སྡེ་སྲིད་དཔོན་བློན་གྱིས། ཕུགས་ཞེ་གྲབས་ཡོད་ཀྱང་འཕྲལ་དུ་བདེན་པ་སྒྲུབ་སྒྲུབ་ཀྱི་ཞལ་ཏ་འཇམ་པོ་མཛད། གཙོ་བོར་སྤྱན་སྔ་རིན་པོ་ཆེས་སྡེ་གཟར་མི་ལེགས་པའི་བཀའ་ནན་དང་། གཙང་རང་ནས་དཔོན་སྐྱ་དྲག་པ་མང་པོས་སྙན་སྒྲོན་ཕུལ་འདུག་ནའང་རིན་སྤུངས་པ་དཔོན་བློན་གྱིས་མ་གསན་པར། ཆོས་རྒྱལ་ཕོ་བྲང་གིས་གཙོས་པའི་ཡར་ཀླུངས་ཀྱི་རྫོང་རྣམས་ལ་སྲུང་ཆ་བཅུག་པའི་རྐྱེན། མེ་ཕོ་བྱི་བ་དབུས་གཙང་གི་སྡེ་གཟར་ཆེན་པོ་དེ་ལངས་པ། སྡེ་སྲིད་མཚན་ཇུས་རྒྱལ་ཏེ། ཁ་རག་དང་བོད་ཡུལ་ཆོལ་ཁ་ས་མཚམས་བྱས། དུས་དེར་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་བཟད་མདར་ཕེབས་ནས་ཆུ་ཤུལ་ལྷུན་པོ་རྩེ་ཆིངས་བརྟེན་དུ་མཛད་དེ།[B:93a] དབུས་གཙང་ལོ་གསུམ་ཆིངས་སྡོམ་གྲུབ། གཙང་པའི་སྲིད་ཕྱོགས་འབྲི་གུང་ཁང་ཐོག་