R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 91
[A:91]རྒྱ་མ་མཁར་རྩེ་བ་རྣམས་དང་དགོས་སུ་འཁྲུག་པ་རེ་ཙམ་བྱུང་ཡང་ཆིངས་འཇགས་ཐོན། གཙང་ནས་རྒྱལ་མཁར་རྩེ་པས་ས་ཚ་རྙིང་ཁུང་རྣམས་ལོན་ཞིང་སྡེ་སྲིད་ཀྱི་སྲིད་ཕྱོགས་སུ་གྱུར། དེ་ནས་རིན་སྤུངས་པ་སྲིད་གཏོགས་ཀྱིས་སྐྱིད་ཤོངས་པ་སོགས་ངོ་ལོག་པ་འགའ་དང་འགྲིག་རྩལ་ཏེ་ལོ་ཕྱི་མ་མེ་གླང་གི་དབྱར་དུས་སུ་གཞིས་གཉིས་ཀའི་དཔུང་རྒྱང་མཁར་རྩེར་བཏེགས་པ། ནུས་ཆེན་པོ་ཡོངས་ཤོམ་བྱུང་མཚམས། སྡེ་སྲིད་ཀྱི་འཕྱོངས་རྒྱས་པས་གཙོས་པའི་དཔུང་མང་རབ་ཉང་སྟོད་དུ་གནང་བས་འཚོ་ཟིན། སྤན་རྣམ་པས་སྡེ་སྲིད་ཕྱོགས་སུ་ལངས་པ་སོགས་ལས་དབུས་ཀྱི་ངོ་ལོག་པ་རྣམས་ཀྱིས་ཀྱང་ནུས་མ་ཐོན་པར་ལོ་གཅིག་པའི་ཆིངས་བསྡམས།[B:94] ས་སྟག་ལ་ཆིངས་གྲོལ་བའི་དབྱར་དུས་འཕྱོངས་རྒྱས་
རིན་ཆེན་རྒྱལ་མཆོག་པ
པས། དབུས་དམག་ཕལ་ཆེ་བ་ཁྲིད་ནས་ཉང་སྟོད་བརྒྱུད་དེ་ཚོང་འདུས་བར་དུ་བགྲོད། དགའ་ལྡན་
བསོད་ནམས་རྣམ་རྒྱལ་བ
པས་སྐྱི་འཕན་གྱི་དཔུང་ཐམས་ཅད་འཁྲིད་དེ་གཞུ་སྙེ་བརྒྱུད་དེ་ཞི་ཤངས་ཀྱི་བར་དུ་བགྲོད ། འདི་རེས་ནས་རྒྱང་རྩེ་བ་དང་སྤན་རྣམ་པ་གཉིས་ས་ཆ་རྣམས་ཚགས་སུ་ཚུད་ནས་གཏན་གླིང་ལ་བྱོན། འཕྱོངས་གཡུང་གཉིས་རང་གིས་བར་མཛད་ནས་དབུས་གཙང་གཏན་འདུན་དང་། ཟིལ་གནོན་པ་རྫོང་དཔོན་གྱི་ལས་ཀ་ཞུ་བར་འབྱོན་པ་སོགས་ཀྱི་བཅའ་སྒྲིག་པ་ལྟར་དུ་གྲུབ་ནའང་། ཆུ་རྟ་ལ་རིན་སྤུངས་པ་སྲིད་གཏོགས་ཀྱིས་སྡེ་གཟར་བསླངས་ཤིང་། དེའི་ཕྱི་ལོ་ཆུ་ལུག་ལའང་སྡེ་གཟར་ལངས་པ་ཡོ་འཁྱོམས་ཆེན་པོ་མེད་པར་ལོ་མང་རབ་ཀྱིས་[B:94a]བར་ཆིངས་སྡོམ་གྲུབ། ཤིང་སྤྲེལ་ལ་ཡངས་པ་ཅན་དུ་སྤྱན་སྔ་རིན་པོ་ཆེ་དགུང་ལོ་དོན་གཉིས་ཀྱི་སྟེང་དུ་ཞི་བར་གཤེགས་