R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 92
[A:92]ཤིང་། གདུང་རྒྱུད་རིན་པོ་ཆེ་སྐུ་གཞོན་པ་ཐེལ་གྱི་མཚམས་བཅད་གོ་སར་བཏོན། དཔོན་ས་འགྲོ་བའི་མགོན་པོས་གཞིས་ཀ་གོང་དཀར་བཟུང་ནས་དགའ་ལྡན་པའི་སྲིང་མོ་ཞིག་ཁབ་ཏུ་བཞེས་པ་ལ་གདུང་རྒྱུད་མཆེད་གཉིས་འཁྲུངས། དཔོན་ས་འགྲོ་མགོན་སྐུ་མཆེད་གཉིས་ལས་གཞན་ཡུམ་མི་གཅིག་པའི་གདུང་རྒྱུད་སྐུ་མཆེད་གསུམ་ཡང་འཁྲུངས། དེ་ནས་སྡེ་གཟར་ཁོལ་བུ་ཤིང་སྤྲེལ་ལ་ཕག་མོ་བ་དང་སྟག་ལུང་བ་འཐབས་ཤིང་། ཕྱི་ལོ་ཤིང་བྱ་ལ་སྟག་ལུང་པ་དང་ཐོག་ཁ་བ་འགྲིལ་བ་དང་། ཕག་མོ་བར་འཐབས། ཕྱི་ལོ་མེ་ཁྱི་ལ་ཕག་མོ་བ་དང་ཞྭ་སེར་བ་འགྲིལ་བ་དང་འབྲི་སྟག་འཐབས་པ་མ་གཏོགས་[B:95]དབུས་གཙང་ཞི་འཇགས་སུ་གནས་ཏེ། རྗེས་ལྕགས་སྟག་ལ་ཐོག་མཁར་གཉིས་དང་དཔོན་ས་སྡེ་སྲིད་འགལ་མེད་ཀྱི་ཞུ་ཆོག་སྒྲིག་པའི་རྐྱེན་ལོ་དེ་ལ་སྟོད་དུ་ཞྭ་སེར་དམར་གྱི་འཁྲུག་པ་ལངས། དེའི་ཤུགས་བརྒྱབ་པ་འདྲས་ཐོག་མཁར་གཉིས་དང་སྡེ་སྲིད་འགྱངས་སུ་སོང་སྟེ་འབྲི་འོལ་གཉིས་དགོས་སུ་སྡེ་གཟར་ཡོད་པ་གཅིག་དང་འོལ་ཁ་བའི་རྒྱབ་ཏུ་སྡེ་སྲིད་ཀྱི་དཔུང་ཕྲན་ཚེགས་བཞེངས་པ་སོགས་མཛད། ས་ཕོ་ཁྱི་འདིའི་དབུས་གཙང་ཆིངས་གྲོལ་མཚམས་ལ་སྡེ་སྲིད་ཀྱི་ཆིངས་འཐུད་ཅི་ཡོང་གི་དགོངས་པ་མཛད་ནའང་། རིན་སྤུངས་པ་སྲིད་གཏོགས་ཀྱིས་མ་གསན་པས། སྡེ་གཟར་ཤིན་ཏུ་ཆེ་བ་ལངས་། ས་ཐོབ་ཤོར་ཁམས་ཆེ་བ་ནི་གཉིས་ཐད་ནས་མ་བྱུང་། གོང་མ་འདི་པས་སྔ་[B:95a]ཕྱིར་ལས་ཀ་གནང་བ་ཡང་འཕྱོངས་རྒྱས་པ་སྐུ་མཆེད། བསམ་སྡེ་རྒྱ་ལུ། རིན་སྤུངས་ངག་དབང་རྣམ་རྒྱལ་དང་ཟིལ་གནོན་རྡོ་རྗེ་གཉིས། བྲག་དཀར་འཇམ་དཔལ་བ་ཁུ་དབོན་གཉིས། འོལ་ཁ་བ་དོན་ཡོད་རྣམ་རྒྱལ་རྡོ་རྗེ། སྤན་རྣམ་པདྨ་བ།