[A:93]ཡར་རྒྱབ་པ་རིན་ཆེན་བཀྲ་ཤིས་སྐུ་མཆེད་། བྱ་ནོར་བུ་བཀྲ་ཤིས། གོང་དཀར་བའི་སྲས་པོ་སྐུ་མཆེད། དགའ་ལྡན་པ་བསོད་ནམས་རྒྱལ་པོ། རྒྱལ་ཆེན་རྩེ་པ་ཁུ་དབོན་སོགས་ལ་རྫོང་དཔོན་དང་། གཞན་ལས་ཀ་ཅི་རིགས་གནང་། འཕྲལ་གྱི་མཛད་པ་ཚུར་སྐལ་མ་གཏོགས་དགོས་མེད་ཀྱི་སྡེ་གཟར་མི་མཛད། ཆོས་ལུགས་ལ་ཕྱོགས་རིས་མི་མཛད། དགེ་འདུན་གྱི་སྡེ་གང་གིའང་འདུ་སྒོ་མི་འཕྲོག གསེར་གྱི་བཀའ་འགྱུར་དང་མཆོད་རྟེན་གོས་སྐུ་ཆེན་མོ་བཞེངས་པ་སོགས་[B:96]ལུགས་གཉིས་ཀའི་མཛད་པ་བཟང་། དེ་ཡང་རྗེ་གཉའ་ཁྲི་བཙན་པོ་ནས་འོད་བསྲུང་ས་ཀྱི་བར་དུ་བྱོན་པའི་རྒྱལ་པོ་བཞི་བཅུ་རྩ་གཉིས་ཀྱི་རིང་། བོད་ཀྱི་རྒྱལ་ཁམས་སྤྱི་ལ་དབང་བསྒྱུར་ཡང་།
རྗེ་དཔལ་འཁོར་བཙན་ནས་ལུགས་རྣམ་པར་ཞིག་སྟེ། ཧོར་གྱི་བསྟན་པ་མ་བྱུང་གི་བར་བོད་ཐམས་ཅད་ལྟ་ཞོག དབུས་གཙང་སྤྱི་ལ་དབང་བའི་རྒྱལ་པོ་ཡང་མེད། ཧོར་དུས་སུ་བོད་ཆོལ་ཁ་གསུམ་ཆོས་རྒྱལ་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ནས། ས་སྐྱ་པས་འཇིག་རྟེན་གྱི་བདག་པོ་མཛད་ཀྱང་། གོང་དུ་བརྗོད་པ་ལྟར་གདུང་རྒྱུད་ནང་གྱེས་པའི་དབང་གིས་ཡུན་ལོ་བདུན་ཅུ་རྩ་ལྔ་ལས་མ་བྱུང་། ཕག་མོ་གྲུ་པའི་སྡེ་སྲིད་ནི་ཏའི་སི་ཏུ་ནས
དེང་སང་གི་བར་ལ་ཁྲི་གནན་པའི་གོང་མ་དགུ་སོང་ཞིང་། ཁོང་གིས་ས་གླང་ལ་འཇིག་རྟེན་གྱི་བདག་པོ་མཛད་པ་ནས།[B:96a] ད་ལོའི་ས་ཁྱི་འདི་ཡན་ལ་ལོ་བརྒྱ་དང་དགུ་བཅུ་སོང་བའི་བར་འཇིག་རྟེན་གྱི་བདག་པོ་མཛད་པ་མ་ཆད་པ་སྟེ། སྣེ་གདོང་རྩེའི་ཕོ་བྲང་ལ་ཡ་མཚན་པའི་ས་དཔྱད་བཟང་པོ་ཡོད་པ་ཡིན་ཞེས་གྲགས། སྡེ་དཔོན་རྣམས་ལས་འོལ་ཁ་བཀྲ་ཤིས་རྒྱལ་མཚན་
གདུང་རུས་མྱང་
གྱིས་སྤྱིར་གསེར་དངུལ་གྱིས་གསུང་རབ་མང་པོ་