R50: རྒྱལ་རབ་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོའམ་དེབ་གསར་མ།

  • Pagination (Witness A): 94
[A:94]བཞེངས་པ་དང་། རྗེ་རིན་པོ་ཆེའི་སྦྱིན་བདག་གི་མཐིལ་ལེན་པ་དང་། ཆོས་རྗེ་བཟང་སྐྱོང་བས་ཉི་མ་གླིང་འདེབས་པའི་ཐུགས་ཁུར་གང་དགོས་བཞེས་ཤིང་། ཕྱིས་རྒྱལ་ཚབ་ཆོས་རྗེ་གཞིས་ཀར་ཕེབས་དུས་རབ་ཏུ་བྱུང་བས་འོལ་ཁ་དགེ་སྦྱོང་ཆེན་པོར་གྲགས། ནོར་བཟང་པ་དང་རྒྱ་མཚོ་བ་གཉིས་ཀྱང་བསྟན་པ་སྤྱི་དགོས་ལ་གུས་ཤིང་། རྒྱ་མཚོ་བ་ནི་སྡེ་སྲིད་ཀྱི་དམག་དཔོན་དགྲ་ཐོག་ཏུ་ལྕི་བའང་ ཡིན་ཞེས་ཟེར། མཁན་ཆེན་པ་ཁུ་དབོན་གྱི་རིང་མཆོད་[B:97]ཁང་ཆེན་མོ། བྱམས་པའི་གསེར་སྐུ་གསུང་རབ་དང་བཅས་པ་བཞེངས་ཤིང་། དེང་སང་དོན་ཡོད་རྣམ་རྒྱལ་རྡོ་རྗེ་བས་སྤྱིར་བླ་མ་དགེ་འདུན་ལ་མཆོད་ཅིང་ཁྱད་པར་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་གི་ཞབས་ཏོག་བཟང་པོ་མཛད་། བྲག་དཀར་རིན་ཆེན་དཔལ་བཟང་
གདུང་རུས་མྱང་
པས་ནི་གསང་སྔགས་མཁར་གྱི་ཆོས་སྡེ་འདེབས་པའི་སྦྱིན་བདག་མཛད༑ སྲི་ཆོད་རྒྱལ་པོ་བས་ནི་གསང་སྔགས་མཁར་དུ་བྱམས་པའི་གསེར་སྐུ་ཆེན་མོ་བཞེངས། འཕྱོངས་རྒྱས་དཔལ་འབྱོར་བཟང་པོ་
གདུང་རུས་ཧོར
བ་ནི་བསམ་གྲུབ་རྩེའི་རྫོང་དཔོན་གྱི་སྟེང་ནས་རྗེ་རིན་པོ་ཆེ་དང་ཡོན་མཆོད་དུ་སྦྲེལ། སངས་རྒྱས་སྐྱབས་པ་བས་ནི་བཀྲ་ཤིས་ལྷུན་པོ་འདེབས་པའི་ས་ཁྲ་འབུལ་བ་མཛད་། རྡོ་རྗེ་ཚེ་བརྟན་པས་ཡབ་དཀོན་རིན་པའི་གསུང་བཞིན་རི་བོ་[B:97a]བདེ་ཆེན་གྱི་ཆོས་སྡེ་བཏབ། དེར་མ་ཟད་གསེར་ཟངས་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་འདྲ། རྗེ་རིན་པོ་ཆེའི་གསེར་སྐུ་མི་ཚད་མ་གཉིས། དཔལ་གསང་བ་འདུས་པའི་གཞལ་ཡས་ཁང་། བཀའ་འགྱུར་བསྟན་འགྱུར་ཟུང་སྦྲེལ་བཞེངས་ཤིང་། སྤྱིར་ཡང་དགེ་འདུན་གྱི་ཞབས་ཏོག་སོགས་མཛད་པ་རྔམས་ཆེ། རིན་ཆེན་རྒྱལ་