R71: པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ།

  • Pagination (Witness A): 111
[A:111]ཆོས་ཀྱི་བླ་མས་མཛད་པའི་སྦྱོར་ཊཱིཀ་གི་སྟེངས་དང། སྡོམ་གསུམ་རྗེ་རྡོ་རྗེ་འཆང་གི་གཅུང་པོ་གཞོན་ནུ་སེང་གེ་བའི་ཊཱི་ཀའི་སྟེང་ནས་གནང་དགོས་པ་ལྟར་མཛད་ཅིང། སྐབས་འདི་མངོན་པ་ཀུན་ལས་བཏུས་ལ་བཟད་པ་བློ་རྒྱམ་པའི་ཊཱི་ཀ་དང། མདོ་རྩ་རྗེ་བཙུན་རེད་མདའ་བའི་ཊཱི་ཀའི་སྟེངས་ནས་གསུངས་ཤེས་དེ་དུས་གཞུང་ཆོས་གསན་པ་ཡོངས་ཀྱིས་གསུངས་ཤིང། གཞན་ཞལ་ནས་སྤྱི་དོན། ཐལ་རང། ཐ་མ་ཐུན་མོང་ཟིན་ཐུན་ནས་བསྡུས་སྦྱོར་བར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་སྩལ་ཞིང། དེར་ཕྱིས་ཀྱི་འཆད་ཉན་པའི་ངོ་བོ་དྲུང་ནས་ལྷ་བཙུན་པ་བཀྲ་ཤིས་ལྷུན་པོ་ཚོར་ཐུགས་གཉེར་གྱི་མགོ་བག་ཙམ་གནང་བ་ཞིག། དྲུང་ནས་ཉང་རམ་པའང་རིགས་འབྲིང་ཙམ་སྔོན་སོང། དྲུང་ནས་སང་ས་བློ་བས་གྲྭ་ཚང་ཆེན་མོར་ལུང་འབྲིང་ཙམ་མཛད་པ། དྲུང་ནས་གྲགས་བཟང་པ་ཡང་སྣར་ཐང་ཚོར་བསྡུས་ར་དང་བསྒྲིགས་བསགས་ཙམ་རེ་ཡོད་ཅེས་གྲག་གོ༎ གཞན་བློ་གསར་ནས་ཀ་བཅུ་རབ་འབྱམས་པར་ཐུགས་བསྐྱེད་དེ་དུས་ལས་ཆེ་བ་མི་དྲན་གསུང་ཐིང། རྣམ་ཟླ་རེ་ལ་སྒྲིགས་གོང་དུ་འཕར་བའི་ཚུལ་འཛིན་པ་ཤ་སྟག་བྱུང། དེའི་ལོ་གསར་པ་ཆུ་མོ་སྦྲུལ་གྱི་ལོའི་དཔྱིད་སོས་དེར་གློ་བོ་སྨོན་ཐང་གི་དཔལ་འབྱོར་ལ་སྤྱན་ཟུར་མ་བདེ་བའི་དབང་ལས་ལྷོ་བྱང་གི་ཁྲི་དམག་ལྷགས་ཤིང། དེར་པཎ་ཆེན་རིན་པོ་ཆེ་ཉིད་སྤྱི་མཆོད་དུ་གྲགས་པས་བར་ཞུགས་གནང་བའི་ལེགས་སྤེལ་ཅི་ཡང་གནང་ཡང། གཞན་ཕྱོགས་ནས་གསན་སྒོ་ཆེར་མེད་པར་གྱུར་པའི་སྐབས། ཆོས་རྒྱལ་བཀྲ་ཤིས་མགོན་པས། གློ་བོ་ནང་གི་སྔགས་བན་མཐུ་བོ་ཆེར་རློམ་པ་ཡོ་ལ་གཏོར་ཟློག་སོགས་སྐུ་རིམ་ཆེར་གནང་ཀྱང་དམིགས་འགྲོ་ཙམ་ལང་མ་བྱུང་བར་དམག་དཔུང་རྣམས་གློ་བོ་རང་གི་ཉིན་ལམ་ཙམ་དུ་སླེབས་པས་ཐུགས་སྐྲག་ནས། རྣྨ་རྒྱལ་ཆོས་སྡེར་སྡེ་པ་རང་ཡང་ཕེབས། པཎ་ཆེན་རིན་པོ་ཆེ་ལ་ཡུས་སུ་གསོལ་ཏེ། ཐུགས་དམ་གཏོར་མ་