R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༤ན
[A:༩༤ན]ཅན་ཁྱོད་ཞབས་ལྷ་བརྒྱའི་གཙུག་གིས་མཆོད། །རྣམ་དག་ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་སྤྲིན་འདུས་ཏེ། །ཤེས་རབ་གློག་ཕྲེང་སྙན་པའི་འབྲུག་སྒྲ་དར་དིར་ཅན། །ལེགས་བཤད་ཆར་གྱིས་རྣམ་གྲོལ་འབྲས་བུ་སྨིན་མཛད་པ། །ཀླུ་དབང་གྲགས་པ་འགྲོ་བའི་སྤྱི་གཙུག་རྒྱན་བཞུགས་གསོལ། །བསོད་ནམས་གངས་རིར་བསླབ་གསུམ་གཡུ་རལ་ཡོན་ཏན་རྒྱས། །རྣམ་དཔྱོད་རྩལ་ལྡན་བདག་མེད་སྟོང་པའི་སྒྲ་བསྒྲགས་ཤིང་། །མཁྱེན་བརྩེའི་མཆེ་བས་ཕས་རྒོལ་རི་དྭགས་སྐྲག་མཛད་པ། །མི་ཡི་སེང་གེའི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ།
འདི་ཡན་འཕགས་པ་རིན་པོ་ཆེས་མཛད།
།བླ་མ་སངས་རྒྱས་ཐུགས་ལས་འཁྲུངས་པའི་སྲས་ཐུ་བོ། །འཇིག་རྟེན་ཀུན་ལ་ཁྱད་འཕགས་འཕགས་པ་ཞེས་གྲགས་འདི། །བསོད་ནམས་སྟོབས་ཆེན་དང་པོ་ལྷུམས་ནས་བལྟམས་མ་ཐག །རིགས་གཟུགས་འབྱོར་པ་དབང་ཕྱུག་ཕུན་ཚོགས་ལྷ་དབང་བཞིན། །སྐུ་ཚེ་སྔ་མར་ཡང་ཡང་པཎྜི་ཏའི། །རིགས་སུ་སྐྱེས་ནས་རྒྱལ་དང་རྒྱལ་སྲས་ཀྱི། །གསུང་རབ་གསུང་ལ་འབད་པ་མཛད་ཅེས་གསུངས། །དེ་ཚེ་དཔལ་ཁྱོད་དཔལ་ལྡན་ཀུན་གྱིས་མཆོད། །དེ་ནས་དགུང་ལོ་གསུམ་བཞི་བཞེས་པའི་ཚེ། །བདག་མེད་རྟོགས་ཀྱང་བདག་འཛིན་ཡོད་ཡོང་སྐད། །བདག་གི་འཁོར་ཞེས་བདག་བཟུང་འགའ་རེ་ལ། །འཁོར་འདས་ལས་སྒྲོལ་འཇམ་དབྱངས་སྒྲོལ་མ་གསུངས། །སྡེ་སྣོད་འཛིན་པ་བརྒྱ་ཕྲག་བཅོ་བརྒྱད་ལ། །ལོ་བརྒྱད་བཞེས་ཚེ་རྒྱུད་དང་སྐྱེས་རབས་གསུངས། །སྤོབས་པ་ཐོགས་མེད་ཚངས་པ་གདོང་བཞི་འདྲ། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །བཅུ་གཉིས་བཞེས་ཚེ་