R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༩༤བ
[A:༩༤བ]ཆོས་རྗེའི་ཞལ་སྔ་ནས། །བླ་ཆེན་རིན་ཆེན་རྗེ་བཙུན་ཆེན་པོ་བཞིན། །བཅུ་བདུན་ལོན་ཚེ་ཡོན་ཏན་རྫོགས་འགྱུར་གསུངས། །དེ་ཚེ་དེ་རྣམས་འཕྲིན་ལས་གཅིག་པར་ཁུམས། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པའི་སྡུག་བསྔལ་ཅན། །གསོན་ནམ་གཟིགས་ཚེ་མཆི་མས་གདོང་ཁེངས་གདུངས་པ་ཡིས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ལ་གསོལ་འདེབས་པས། །ཐུགས་རྗེ་ཆེ་མངའ་ཁྱོད་ནི་མགོན་པོ་སྤྱན་རས་གཟིགས། །ཐུབ་པ་ཆེན་པོའི་གསུང་རྣམས་ལན་རེས་ཐུགས་ཆུད་ནས། །བསྡུ་དངོས་འཕྲིན་ལས་རྣམ་འཕྲུལ་ད་ལྟ་འདི་འདྲ་ན། །བྱང་ཆུབ་སངས་རྒྱས་གྱུར་ཚེ་ཕན་མཛད་སྨོས་ཅི་དགོས། །ཤེས་རབ་མཚུངས་མེད་འཇམ་དབྱངས་ཁྱོད་ལ་ཕྱག་འཚལ་ལོ།
འདི་ཡན་འཕགས་པའི་སློབ་མ་ཅིག་གིས་མཛད།
།གང་གི་སྔོན་དུས་བསོད་ནམས་དཔག་མེད་རབ་བསགས་པས། །རིགས་གཟུགས་འབྱོར་པ་ཕུན་སུམ་ཚོགས་པ་བརྙེས་གྱུར་ནས། །ལྷ་ཡི་དབང་པོས་མི་ཡི་དབང་པོར་དབང་བསྐུར་བའི། །ཇིམ་གིར་རྒྱལ་པོ་འགྲོ་ཀུན་ཉི་མ་ཇི་བཞིན་གསལ། །མི་དབང་དེ་ཡི་བསོད་ནམས་ལས་གྲུབ་སྲས་ཀྱི་མཆོག །མི་མཆོག་ཀུན་གྱིས་གཙུག་གི་རྒྱན་ལྟར་རབ་བཀུར་ཞིང་། །ཚར་བཅད་རྗེས་འཛིན་ལས་ཀྱིས་འགྲོ་ཀུན་ལེགས་སྐྱོང་བའི། །ས་བདག་དེ་ནི་ཕྱོགས་རྣམས་ཀུན་ལས་རྣམ་པར་རྒྱལ། །དེ་གཅུང་བསོད་ནམས་མཐའ་ཡས་བརྩེ་བའི་ཡིད་ལྡན་ཞིང་། །མཆོད་འོས་རྒྱལ་པོ་སྲི་ཞུའི་སྒོ་ནས་མཉེས་བྱས་ནས། །འགྲོ་བ་གཞན་ལ་སྣ་ཚོགས་ཐབས་ཀྱིས་ཕན་བརྩོན་པའི། །བློ་ལྡན་དེ་ནི་སྐྱེ་དགུ་ཀུན་གྱི་རྩ་ལག་མཆོག །དེ་སྲས་ཐུ་བོ་བསོད་ནམས་དཔལ་གྱིས་རབ་ཏུ་བརྗིད། རྟག་ཏུ་གཞན་ལ་བུ་གཅིག་