[A:༡༡༥བ]སྡེ་དང་ཕར་ཕྱིན་རྣམས་ཀྱང་མང་། བྱམས་ཆོས་རྣམས་དང་བསླབ་བཏུས་སྤྱོད་འཇུག་སྐྱེས་རབས་ལ་སོགས་པ་བསྟན་བཅོས་ཕལ་ཆེ་བ་རྣམས་ནའང་ཕར་ཕྱིན་དྲུག་ཁོ་ནར་བསྒྲིགས་འདུག་པས་དྲུག་ཁོ་ནར་ངེས་པའི་རྒྱུ་མཚན་ཅི་ཡིན་ཞུས་པས། བཀྲེན་ལ་སྙིང་བརྩེ། མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་བརྩེ་བ། །ལོག་པར་མངོན་པར་ཞེན་ལ་སྙིང་བརྩེ་བ། །བགྱི་བ་སེམས་ཅན་རྣམས་ལ་ལོག་རྟོག་དྲུག་ཡོད་པས། དེའི་གཉེན་པོ་ཕར་ཕྱིན་དྲུག་ཡིན། ཡང་སེམས་ཅན་ལ་སྐྱོན་ནམ་ཉེས་པ་གསུམ་ཡོད། དེའི་གཉེན་པོར་ཕར་ཕྱིན་གཉིས་གཉིས་གསུངས་ཏེ། དང་པོ་ཁོ་ནར། འཁོར་བ་ལས་བློ་མི་འཕགས་པའི་སྐྱོན། གཉིས་པ་འཕགས་ཀྱང་ཕྱིར་མི་ལྡོག་པའི་སྐྱོན། གསུམ་པ་མ་ལྡོག་ཀྱང་ཆུད་འཛའ་བའི་སྐྱོན་བགྱི་བ་གསུམ་ཡོད། དང་པོ་བློ་མི་འཕགས་པ་ལ། ཕྱི་རོལ་རྫས་ཡོ་བྱད་ལ་ཆགས་ནས་བློ་མི་འཕགས་པའི་གཉེན་པོར་སྦྱིན་པ་གསུངས། ནང་སེམས་ཅན་ལ་ཆགས་ནས་བློ་མི་འཕགས་པའི་གཉེན་པོར་ཚུལ་ཁྲིམས། དེ་ལྟར་བློ་འཕགས་ནས་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ཙམ་ན་ཡན་ལག་གི་དང་པོ་མགོ་གཏོང་དགོས། དབང་པོའི་དྭངས་མ་མིག་གཏོང་དགོས་བྱས་ཙ་ན། དེ་ཙམ་མི་ནུས་སྙམ་ནས་ཕྱིར་ལྡོག་པའི་ཉེན་ཡོད་པས། དེའི་གཉེན་པོར་བཟོད་པ་གསུངས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་མམ་དུས་ཐུག་པ་མེད་པའི་ཡུན་དུ་ཚོགས་གསོག་དགོས་བྱས་པས། དེ་ཙམ་གྱི་ཡུན་ནུས་པ་མེད་སྙམ་ནས་ཕྱིར་ལྡོག་པའི་ཉེན་ཡོད་པས་དེའི་གཉེན་པོར་བརྩོན་འགྲུས་གསུངས། ཕྱིར་མ་ལྡོག་ཀྱང་ཆུད་འཛའ་བ་ལ་