[A:༡༡༩བ]བར་འདོད་པས། དེར་ཁོ་ལག་པ་འདོམ་བཤད་དེ་བརྐྱངས་ནས། ངའི་རྒྱབ་ཕྱོགས་ཀྱི་ནམ་མཁའ་དང་། མདུན་ཕྱོགས་ཀྱི་ནམ་མཁའ་གཉིས་རྒྱ་གང་ཆེ་ཟེར་སྐད། དེར་མདུན་ན་ཡོད་པ་ཀུན་བཤེད་མཉམ་ཟེར་སྐད། ཁོས་མཉམ་མམ་བྱས་པས་མཉམ་ཟེར་སྐད། དེ་ནས་ཁོས་མདུན་ཕྱོགས་ན་ཕར་གོམ་པ་ལྔ་དྲུག་ཙམ་རྒྱང་སྟེ་མཆོངས་ནས། ད་མདུན་ཕྱོགས་དང་རྒྱབ་ཕྱོགས་གཉིས་རྒྱ་གང་ཆེ་ཟེར་སྐད། དེར་སྨྲ་རྒྱུ་མ་བྱུང་སྐད། དེ་སྔ་མ་དེ་རྒྱ་མཉམ་པའི་ཤེས་བྱེད་ཡོད་ན། གོམ་པ་ལྔ་དྲུག་ནང་དུ་ནུད་པ་དེས་རྒྱབ་ཕྱོགས་ཀྱི་ནམ་མཁའ་རྒྱ་ཆེར་ཆ་ལ་མདུན་ཕྱོགས་ཀྱི་ནམ་མཁའ་ཆུང་དུ་ཆ་ཐང་སྟེ་མི་རྙེད་པ་ཡིན། ཁོའི་རིགས་པ་འདི་ལ་མཁས་པ་ཐམས་ཅད་མགུ་བར་གདའ། ཡང་འོ་སྐོལ་གྱི་སྟོང་གསུམ་འདི་ཉུངས་ཀར་གྱིས་བཀང་ནས་སྐྱེས་བུ་སྟོབས་ཆེན་གཅིག་གི་ཐུ་བར་བླུགས་ནས། སྟོང་གསུམ་རེ་རེ་ལ་གོམ་པ་རེ་རེ་བྱས་ནས་ཉུངས་ཀར་རེ་རེ་བཞག་ཀྱང་། ཉུངས་ཀར་ཟད་ཙ་ན་ཤར་ཕྱོགས་གཅིག་པུའི་སྟོང་གསུམ་ཆུང་དུ་མི་ཆ་བ་ལགས། དེ་ཕན་ཆོད་བསམ་པའི་ཡུལ་མ་ལགས། དེས་ཕྱོགས་ཀུན་མཚོན་པ་ལགས། ཡང་དེ་བཞིན་གཤེགས་པའི་འཕྲིན་ལས་ལ་རྒྱུན་ཆད་ཡེ་མེད་པར་གསུངས། དོང་སྤྲུགས་ན་འཕྲིན་ལས་རྒྱུན་ཆད་ནས་ཆ་སྟེ། འཕྲིན་ལས་རྒྱུན་ཆད་མི་སྲིད་པས། དེས་ན་སེམས་ཅན་སྤྱི་བཙན་ལ་འཁོར་བ་ལ་མཐའ་མེད་པ་ལགས་གསུངས། སློབ་དཔོན་ཞི་བ་ལྷའི་བླ་མ་དངོས་གང་ཡིན། སློབ་མ་དངོས་གང་ཡིན་ཞུས་པས། སློབ་དཔོན་ཞི་བའི་ལྷ་ལ་སོ་སོ་སྐྱེ་བོའི་བླ་མ་མེད། འཇམ་དཔལ་གྱིས་རྨི་ལམ་དུ་ཆོས་གསུངས། དེ་ལ་བྲོད་ཀྱིན་གསོལ་བ་བཏབ་པས་དངོས་སུ་