[A:༡༣༣ན]བཀུར་བ། རྒྱལ་བུ་ཇི་བིག་ལ་སྤྲིངས་པ། གྲགས་བཟང་ལ་སྤྲིངས་ཡིག སྟོན་གཞོན་ལ་བཀུར་བ་རྣམས་སོ། །ཆོས་བཞེངས་པའི་ཚིགས་བཅད་ཀྱི་སྐོར་ལ། རྒྱལ་བུ་ཇིམ་གྱིམ་གྱིས་གསུང་རབ་རྣམས་བཞེངས་པའི་ཚིགས་བཅད། ཡང་ཕལ་པོ་ཆེ་བཞེངས་པའི་ཚིགས་བཅད། མངྒ་ལས་ཆོས་བཞེངས་པའི་ཚིགས་བཅད། རྒྱལ་བུ་ཇི་བིག་གིས་ཆོས་བཞེངས་པའི་ཚིགས་བཅད། ཨ་རོག་ཆེས་ཆོས་བཞེངས་པའི་ཚིགས་བཅད། ཨེ་སེ་ནས་ཆོས་བཞེངས་པའི་ཚིགས་བཅད། ལོ་ཙཱ་བ་རིན་ཆེན་དཔལ་གྱིས་འབུམ་བཞེངས་པའི་ཚིགས་བཅད་རྣམས་སོ། །བསྔོ་བ་དང་བཀྲ་ཤིས་ཀྱི་སྐོར་ལ། གོས་དར་ལྔ་སྟོང་དང་དགུ་བརྒྱ་བཞི་བཅུ་ཕུལ་བའི་དུས་ཀྱི་མཆོད་བརྗོད་བསྔོ་བ། དཔོན་མོ་དུར་རྒན་དུར་མི་ལ་ཤིས་པ་བརྗོད་པ། རྒྱལ་བུ་ཇིམ་གྱིམ་ལ་ཤིས་བརྗོད། ནོ་ཀོ་ལ་ཤིས་བརྗོད། ཡང་བཀྲ་ཤིས་ཕྲེང་བ། ཡང་བཀྲ་ཤིས་ཤློ་ཀ་གསུམ་པ། མངྒ་ལ་ཡབ་ཡུམ་ལ་ཚིག་བཞི་པ་གཅིག ཡང་ཤློ་ཀ་བཞི་པ་གཅིག ཇི་བིག་ཡབ་ཡུམ་ལ་ཚིག་བཞི་པ་གཅིག དཔོན་མོ་ཆེན་པོ་ལ་ཚིག་བཞི་པ་གསུམ། ཡང་བཀྲ་ཤིས་ཀྱི་ཚིགས་བཅད་གཅིག་རྣམས་མཛད་དེ། དེ་ཐམས་ཅད་ཀྱང་ཚིག་བརྗོད་བདེ་ཞིང་། དོན་འབྲེལ་ཆགས་པ། གཞན་གྱི་རྣ་བར་སྙན་ཅིང་སྙིང་ལ་འབབ་པ་འབའ་ཞིག་སྟེ། དེང་སང་བར་དུ་དར་རྒྱས་སུ་གྱུར་པ་ཡིན་ནོ། །དེ་ལྟར་དམ་པའི་ཆོས་འཆད་པ་དང་རྩོམ་པ་དང་རྩོད་པ་ལ་སོགས་པ་བསྟན་པའི་བྱ་བ་རླབས་པོ་ཆེའི་སྒོ་ནས་བདེ་བར་གཤེགས་པའི་བསྟན་པ་གསལ་བར་མཛད་པའི་བསྟན་འཛིན་སློབ་བུ་བསྐྲུན་ཚུལ་ནི། སྤྱིར་བདག་ཉིད་ཆེན་པོ་འདིའི་