R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༢བ
[A:༡༥༢བ]མངའ་བདག་ཏུ་གྱུར་པས་ཁའུ་སྐྱེད་ལྷས་ཀྱི་མགོན་ཁང་གི་ཞིག་གསོས་སུས་ཀྱང་མ་ནུས་པ་དེ་འདི་ཉིད་ཀྱིས་མཛད་དེ་གྲུབ་རྟགས་དུ་མ་སྟོན་པ་ཞིག་བྱུང་བར་གྲགས་ཏེ། དེ་ལ་སྲས་བརྒྱུད་མ་བྱུང་ལ། སྐུ་མྱ་ངན་ལས་འདས་པའི་ལོ་ནི་ཆུ་པོ་རྟའི་ལོ་དགུང་ལོ་ཞེ་ལྔ་པའི་ལོ་དེ་ཡིན་པར་བཤད་ཅིང་། གཅུང་གྲགས་པ་བློ་གྲོས་ཀྱི་བཙུན་མོ་ནི་མ་གཅིག་བྲག་དཀར་མར་གྲགས་པ་དེ་ཉིད་ཡིན་ཏེ། དེ་ལ་སྲས་སློབ་དཔོན་ཆེན་པོ་ཆུ་མིག་པ་བློ་གྲོས་དབང་ཕྱུག་ཅེས་བྱ་བ་ཆུ་ཕོ་རྟའི་ལོ་ལ་འཁྲུངས་ཤིང་། གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ་ངོར་ཨེ་ཝྃ་ཆོས་ལྡན་དུ་ཡུན་རིང་བཞུགས། མཁས་བཙུན་བཟང་གསུམ་དང་ལྡན་པ་ཞིག་ཏུ་གྲགས་ཤིང་། འདི་ཡན་ཆད་ཀྱིས་བླ་བྲང་གཞི་ཐོག་པའི་གདུང་རབས་རྫོགས་ཏེ། བདག་ཆེན་འདི་དགུང་ལོ་དྲུག་ཅུ་ལ་ཉེ་བ་ཙམ་ན་གཤེགས་པར་སེམས་ཏེ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེའི་ཕྲེང་བ་བསྟར་བ་འདི་ཉིདདཔལ་ལྡན་ས་སྐྱ་འགྲམ་བཏབ་ནས་ལོ་བཞི་བརྒྱ་དང་ཉག་མ་གསུམ་འདས་པ་ཤིང་མོ་ཕགལུག་གི་ལོ་རྩོམ་པར་མཛད་ཅིང་། དེའི་དུས་སུ་བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་ཏུ་གྲགས་པ་འདི་དགུང་ལོ་ལྔ་བཅུ་རྩ་བཞི་བཞེས་ནས་བསྟན་པ་དང་སེམས་ཅན་གྱི་དོན་ལ་བཞུགས་པར་བཤད་པས་སོ། །དེ་རྣམས་ཀྱིས་ལྷ་རིགས་འཁོན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ལས། གདན་ས་ཆེན་པོའི་བླ་བྲང་སོ་སོར་དབང་བའི་གདུང་རབས་ཀྱི་ནང་ནས་གཞི་ཐོག་བླ་བྲང་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ལེགས་པར་བསྟན་ཟིན་ཏོ།། །།འདིར་སྨྲས་པ། ཚད་མེད་བཞི་ཡི་ལམ་