[A:༡༦༧ན]བརྟན་པ། གཅེན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན། ཡབ་བདག་ཉིད་ཆེན་པོ་སྟེ་བཀའ་དྲིན་ཆེ་བའི་བླ་མ་ལྔ་པོ་འདི་མ་གཏོགས་གཞན་ཐམས་ཅད་ཀྱང་སློབ་མར་གྱུར་ཏེ། དེ་ཐམས་ཅད་ཀྱིས་ཀྱང་བླ་མའི་མཆོག་ཏུ་འཛིན་ཅིང་གཙུག་ཏུ་བཀུར་བར་བྱེད་དོ། །ཡང་རྩོད་པ་གནམ་ལྕགས་ཀྱི་རིགས་པས་ལོག་རྟོག་གི་རི་བོ་བསྙིལ་བའི་ཚུལ་ནི། ལུང་དང་རིགས་པའི་གྲུབ་པའི་མཐའ་ཀུན་ལ། ཕྱིར་རྒོལ་མཁས་ཤིང་མཁས་པར་གྲགས་པ་ཀུན་གྱིས་ཤིན་ཏུ་དཀའ་བའི་གནས་ཇི་ལྟར་དྲིས་པའི་ལན་རྣམས་ཀྱང་མྱུར་ཞིང་གསལ་ལ་བློ་ཡུལ་དུ་འབབ་པ། ཡིད་ཆེས་ཀྱི་ལུང་དང་དངོས་སྟོབས་ཀྱི་རིགས་པ་དང་བཅས་གསུངས་ཤིང་། བདེ་བར་གཤེགས་པའི་གྲུབ་པའི་མཐའ་ལ་ལོག་པར་རྟོག་པ་དང་། མ་ངེས་པར་སྨྲ་བ་རྣམས་བློ་གྲོས་མཚུངས་པ་མེད་པའི་རྣམ་དཔྱོད་ཀྱིས་ཟིལ་གྱིས་མནན་ཅིང་ཚར་བཅད་ནས། ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལ་འགོད་པར་མཛད་པ་ཞིག་ཡིན་ལ། རྩོམ་པ་ནོར་བུའི་ཕྲེང་བས་མཁས་པ་རྣམས་ཀྱི་མགུལ་པ་བརྒྱན་ཅིང་ཡི་རང་བར་མཛད་པ་ནི། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་རྒྱས་འབྲིང་བསྡུས་གསུམ། མངོན་རྟོགས་རྒྱན་གྱི་ཊཱི་ཀ་རྒྱས་བསྡུས་གཉིས། དེའི་ལྷན་ཐབས་ཀྱི་མདོ་སྦྱོར་ཅིག སྤྱོད་འཇུག་གི་ཊཱི་ཀ་ས་བཅད་དང་བཅས་པ། མདོ་སྡེ་རྒྱན་དང་། རྒྱུད་བླ་མ་གཉིས་ལ་ཊཱི་ཀ་ས་བཅད་དང་བཅས་པ་རེ་རེ། འབྱེད་རྣམ་གཉིས་ལ་ཊཱི་ཀ་རེ་རེ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་དག་རྣམས་ལ་ཊཱི་ཀ་ས་བཅད་དང་བཅད་པ་རེ་རེ། བཤེས་སྤྲིང་གི་ཊཱི་ཀ སྒྲའི་བསྟན་