R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༤བ
[A:༡༧༤བ]བ་ཕྲ་མོ་དང་བཅས་པ། སྡོན་ཆད་སུས་ཀྱང་མཐོང་མ་མྱོང་བའི་ངོ་མཚར་བ་དུ་མ་ཞིག་བྱུང་བ་སྐྱེ་བོ་ཀུན་གྱིས་མངོན་སུམ་དུ་མཐོང་བར་གྱུར་ཅེས་ཀྱང་གྲགས་ཤིང་། དེ་ནས་དབུ་ཐོད་རིལ་བུ་ནང་རྟེན་བྱམས་པའི་སྐུ་ཆེན་པོའི་ནང་དུ་བཞུགས་སུ་གསོལ་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་བས་ཐུགས་ཀར་མར་སྦྱར་བ་ན་དེ་མ་ཐག་འཇུ་བ་ལ་སོགས་པ་ཡིད་ཆེས་ཀྱི་གནས་སུ་གྱུར་པ་ལྷ་མིའི་མཆོད་པའི་རྟེན་དུ་དེང་སང་ཡང་རིན་ཆེན་སྒང་ན་བཞུགས་པ་འདི་ཡིན་ཞིང་། དེ་ལྟ་བུའི་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞེས་ཡོངས་སུ་གྲགས་པ་འདིའི་གཞི་ཐོག་གི་གོ་སར་བཞུགས་ནས་གདན་ས་ཡང་ལོ་མང་དུ་མཛད་ཅིང་། འདི་ཉིད་དགུང་ལོ་དྲུག་ཅུ་རེ་བཞི་པ་ཤིང་མོ་ཡོས་ལོ་ལ་གཤེགས་པ་ཡིན་པར། དེ་ཉིད་ཀྱི་དངོས་སློབ་ལོ་ཆེན་བྱང་ཆུབ་རྩེ་མོ་དང་། ཀརྨ་བྱམས་ཆོས་པ་བྱང་ཆུབ་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་རྣམས་ཀྱིས་མཛད་པའི་རྣམ་ཐར་རྣམས་དང་། གཞན་ཡང་ཉི་ལྡེ་གདུང་རབསགཙང་བྱམས་པའི་གདུང་རབསཤེས་རབ་རྡོ་རྗེས་མཛད་པའི་གདུང་རབས་སོགས་ཕལ་ཆེ་བ་ལས་བཤད་ཅིང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་གདུང་རབས་ལས། རེ་གསུམ་པ་ལྕགས་མོ་ཡོས་ལོ་ལ་གཤེགས་པར་བཤད་མོད་ཀྱང་། དྲུག་ཅུ་རེ་བཞི་པ་ལ་གཤེགས་པ་རྣམ་ཐར་ཕལ་ཆེ་བ་མཐུན་པས། སྟག་ཚང་པས་འདི་ཡི་གེ་མ་དག་གམ་སྙམ་མོ།།དེ་ལྟར་བླ་མ་དམ་པ་འདི་ནི་ལུང་རྟོགས་ཀྱི་ཡོན་ཏན་དང་གཞན་ཕན་འཕྲིན་ལས་ཀྱི་ཆ་ལ། འཕགས་པ་མན་ཆད་ཀྱི་གདུང་བརྒྱུད་དང་། གང་ཟག་གཞན་སུས་ཀྱང་འགྲན་པར་མི་ནུས་པའི་ཡོན་