[A:༡༩༡ན]བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ཞིབ་ཏུ་བགྲང་བར་ག་ལ་ནུས། རགས་པ་ཙམ་དཔེར་མཚོན་ན། ཆོས་རྗེ་ཞ་ལུ་པ་སངས་རྒྱས་དཔལ་བཟང་། གྲུབ་ཆེན་དཀོན་མཆོག་བློ་གྲོས། ཆོས་རྗེ་བློ་གྲོས་རིན་ཆེན། པཎ་ཆེན་དཔལ་ལྡན་རྒྱལ་པོ་སྟེ་ཕན་ཚུན་བཀའ་དྲིན་རྗེས་སུ་ནོས་པའི་དམ་པ་བཞི། ཡང་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། མདོ་སྔགས་ཆོས་ཀྱི་མངའ་བདག་ཀུན་མཁྱེན་བསྟན་པའི་ཉི་མ་བསོད་ནམས་སེང་གེ མི་ཉག་པཎྜི་ཏ་གྲགས་པ་རྡོ་རྗེ། མཁས་པ་ཆེན་པོ་ཞུ་བ་བསོད་ནམས་རིན་ཆེན། རྩེ་ཐང་རབ་འབྱམས་པ་སངས་རྒྱས་ལྷུན་གྲུབ་སྟེ་འཛམ་གླིང་ཡོངས་སུ་གྲགས་པའི་མཁས་མཆོག་ཆེན་པོ་ལྔ། འཁོན་གྱི་གདུང་བརྒྱུད་བདག་ཆེན་བསོད་ནམས་རྒྱལ་མཚན། ཤར་པ་འཇམ་དབྱངས་ཆེན་པོའི་གདུང་བརྒྱུད་སློབ་དཔོན་ཆེན་པོ་ཀུན་དགའ་བཀྲ་ཤིས་པ་སྟེ་གངས་ཅན་ཆེན་པོར་གྲགས་པའི་སྐྱེས་བུ་གཉིས་དང་། གཞན་ཡང་དཔལ་འཁོར་བདེ་ཆེན་གྱི་མཁན་པོ་བདེ་བའི་འབྱུང་གནས། རྐྱང་འདུར་ཆོས་རྗེ་དཀོན་མཆོག་དཔལ་བ། མཁས་པའི་དབང་པོ་བསོད་ནམས་བློ་གྲོས། རབ་འབྱམས་དབང་པོ་དཀོན་མཆོག་ཚུལ་ཁྲིམས། ཆོས་རྗེ་ཆོས་སྐྱོང་རྒྱལ་མཚན། ཡང་དགོན་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་པ། སྒོ་རུམ་པ་ཀུན་དགའ་ལེགས་པའི་བློ་གྲོས། གསེར་མདོག་ཅན་གྱི་གདན་ས་པ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ་སྟེ་གསུང་ངག་གི་གསང་བ་འཛིན་པའི་དམ་པ་བརྒྱད། ཡོངས་རྫོགས་སྙན་བརྒྱུད་ཟབ་མོའི་རྒྱ་མཚོ་འགྲན་ཟླ་ཀུན་དང་བྲལ་བའི་ཐུགས་སྲས་རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་སྤངས་ཆོས་ཀྱི་ཉི་མ་ལ་སོགས་པ་