[A:༢༠༩བ]མ་ཡིན་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཞིག་མཛད་ནས། དེ་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་ཉེ་བ་ན་སྤྱན་སྔ་ཀུན་དགའ་རྒྱལ་མཚན་པས་རྗེ་འདིའི་ཞབས་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་མང་དུ་ནོས་ཏེ་ཞབས་དྲུང་ནས་ཕྱིར་ཡོང་བའི་སྐབས་སུ་སྤྱན་སྔ་བས། ད་དུང་ཞབས་དྲུང་དུ་མཇལ་བར་ཞུས་པ་ན། རྗེའི་གསུང་གིས། ད་རང་ཉེར་དགུའི་ཟླ་བ་ཡིན་ཆེན་པོ་རང་ཨེ་སྡོད་མི་ཤེས་སྔ་སོར་ལབ་པ་རྣམས་སེམས་ལ་ཞོག་ཅེས་གསུངས་པ་དང་། གཞན་ཡང་གདུལ་བྱ་འགའ་ཞིག་ལ་ན་ནིང་ཤང་དུ་ཕྱིན་དུས། ཤང་ཕུའི་ཟམ་འཚེར་ལ་ཁ་ན་འཇའ་འོད་དཔག་ཏུ་མེད་པ་འཁྱིལ་ཞིང་འཁྲིགས་པའི་གསེབ་ན་བུད་མེད་མང་པོ་ཞིག་འདུག་པ་དེ་རྣམས་ཀྱིས་ངེད་ལ་བདེ་བ་ཅན་དུ་འགྲོ་ཟེར་བ་སོགས་ཀྱི་ཆོ་འཕྲུལ་དུ་མ་བྱུང་། དེ་དུས་འདུན་པ་ཅིག་བྱས་པས་ཁྱེད་ཀྱིས་ལོ་བརྒྱད་ཅུ་ཐུབ་ཟེར་བའི་ལུང་བསྟན་ཅིག་བྱུང་བས་ད་བར་བསྡད། ད་རང་ཡུན་རིང་སྡོད་པའི་ངེས་པ་མེད་ཅེས་གསུང་བ་སོགས་ཞིང་ཁམས་གཞན་དུ་གཤེགས་པའི་གསུང་འབའ་ཞིག་སྩལ་ཞིང་། དེའི་སྐབས་སུ་དབུས་གཙང་གི་ས་ཕྱོགས་ཀུན་ཏུ་སྒྲ་དང་རོལ་མོ་ལ་སོགས་པ་ལྟས་མང་དུ་བྱུང་བ་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་ཐོས་པ་བྱུང་ཞེས་ཀྱང་གྲགས་ཏེ། དེ་དང་མཐུན་པར་བདག་ཉིད་ཆེན་པོ་འདི་ཉིད་འགྱུར་མེད་རྡོ་རྗེའི་སྐུ་བརྙེས་པས་སྙུང་བ་མི་མངའ་ཡང་། གཞན་སྣང་དུ་སྙུང་བའི་ཚུལ་སྟོན་པར་མཛད་པ་ན་སྨན་པ་མཁས་པ་རྣམས་ཀྱིས་གསོལ་སྨན་ཞུ་བ་དང་། དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཀྱིས་གསུང་སྒྲོག་ལ་སོགས་པ་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས། དྲུང་ན་གནས་པ་རྣམས་ཀྱིས་ཀྱང་