[A:༢༤༩བ]བྱ་བའི་ས་ལོ་ཆེན་པོ་ལ་བསྟོད་པ་འདི་ཡང་དེའི་སྐབས་སུ་མཛད་པ་ཡིན་ཞེས་གྲགས་ཤིང་། ཡང་ལན་ཅིག་མནལ་ལམ་གྱི་ཚུལ་དུ་ནམ་མཁར་འཇའ་སྤྲིན་ཡིད་དུ་ཡོང་བ་ཞིག་གི་ཁྲོད་ན་རིན་པོ་ཆེའི་ཁང་བཟང་དང་། ལྗོན་ཤིང་གི་ཚོགས་མང་པོ་དང་བཅས་པའི་བར་མཚམས་རྣམས་ལ་དར་གྱི་ལྡ་ལྡི་དང་། རིན་པོ་ཆེས་བརྒྱན་པ་ཞིག་འདུག་པ་ལ། འདི་ཅི་ཡིན་གསུངས་པ་ལ། བདེ་བ་ཅན་ཡིན་ཟེར། ཞིང་ཁམས་དེ་ཉིད་དུ་ཕེབས་པའི་ཐུགས་འདུན་མཛད་པ་ན། སྤྲིན་གསེབ་ནས་སྐས་ཤིག་སྐྱ་ཐལ་བཏང་བྱུང་བ་ལ་འཛེགས་བྱོན་པས། སྐས་མགོ་ན་ས་ལོ་ཐམས་ཅད་མཁྱེན་པ་ཉིད་ཞལ་བཞུགས་དུས་ཀྱི་སྐུ་འཁོར་རྣམས་དང་བཅས་གཟིགས་པ་ན། ཐུགས་དགེས་སྤྲོ་ཆེན་པོས་ཕྱག་མང་དུ་མཛད་པའི་མོད་ལ་མནལ་སད་བྱུང་བས་ཤིན་ཏུ་ཕོངས་པ་ཅིག་བྱུང་ཞེས་ཞབས་དྲུང་ན་གནས་པ་རྣམས་ལ་བཀའ་སྩལ་པ་དང་། མནལ་ལམ་དེ་ཉིད་ཀྱི་བཀོད་པ་རྣམས་སྒྲ་ཇི་བཞིན་དུ་བྲིས་པའི་འོག་ཐད་ན། འདི་ངག་གི་དབང་པོའི་རྨི་ལམ་ཡིན་ཅེས་པའི་ཞལ་བྱང་དང་བཅས་པ་ཡོད་པའི་བླ་མ་བརྒྱུད་པའི་ཞལ་ཐང་ཆུང་ངུ་གྲབས་གཅིག་ཡོད་པ་དེ། དུས་ཕྱིས་བདག་གི་བླ་མ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ནང་རྟེན་དངུལ་གདུང་ཡིད་བཞིན་ནོར་བུ་བཞེངས་དུས་གཟུངས་ཞུགས་སུ་ལེགས་པར་བཞུགས་སོ། །དེའི་སྐབས་སུ་འཕགས་ཆེན་དཔལ་ལྡན་བཀྲ་ཤིས་ལ་གོང་དུ་བསྟན་པའི་ཟབ་ཆོས་རྣམས་དང་། ཁྱད་པར་འཁོར་ལོ་བདེ་མཆོག་གི་སྐོར་རྣམས་གསན་ནས། བདེ་མཆོག་ནག་པོ་པའི་གསུང་བསྙེན་དང་། རྩ་དབུ་མའི་ཁྲིད་གསན་པ་དང་མཉམ་དུ། ཨོཾ་གསུམ་མ་འབྲུ་འབུམ་ལྷག་པ་ཙམ་གྱི་གསུང་བཟླས་མཛད་པ་