R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩བ
[A:༢༩བ]ཆེ་དེའི་སློབ་མ་ནི། །བརྟུལ་ཞུགས་གྲུབ་པ་དཔལ་ཆེན་རྒྭ་ལོའི་ཞབས། །བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་དང་། །དཔལ་ལྡན་ཕག་མོ་གྲུབ་པ་ཆེན་པོ་དང་། །སྒོམ་པ་རྟ་རྒན་རྣལ་འབྱོར་ཕག་སྟོན་སོགས། །གྲུབ་པ་བརྙེས་པའི་སྐྱེས་ཆེན་དུ་མ་དང་། །རྟ་ནག་འཁྲུངས་པའི་རྒྱལ་ཚ་ཏལ་ཕུག་པ། །འུ་ཡུག་འཁྲུངས་པའི་དབྱར་སྟོན་སྦུ་མ་བ། །གཡོར་སྟོན་བྱོན་པའི་གཤེན་སྟོན་རྡོར་སེང་དང་། །ཡར་ལུང་འཁྲུངས་པའི་གཤེན་སྟོན་དགོན་དཀར་བ། །འོན་དུ་བྱོན་པའི་ཞང་སྟོན་གསུམ་ཐོག་པ། །བྲག་དམར་ཞུ་དང་ཞང་སྟོན་སྤེའི་དམར་པ། །སྐྱུ་ར་ཨ་སྐྱབས་དེ་སྲས་ཨ་སེང་དང་། །གནམ་དུ་བྱོན་པའི་ནེ་ཚེ་སྦལ་སྟོན་དང་། །ལྷ་བྲག་དཀར་སྟོན་ལྕགས་ཀྱི་རྡོ་རྗེ་དང་། །གསང་ཕུའི་མཁས་པ་མཛངས་སྟོན་མཛའ་ནེ་དང་། །ཐུགས་སྲས་དམ་པ་བསོད་ནམས་
གཉན་ཕུལ་ཆུང་བར་གྲགས་པ་
རྡོ་རྗེ་དང་། །སྙག་སྟོན་དབང་རྒྱལ་རྒྱ་སྒོམ་ཚུལ་ཁྲིམས་གྲགས། །མི་ཉག་སྟོན་པ་པྲཛྙཱ་ཛྭ་ལ་དང་། ཁམས་པ་སྒ་ཐེང་འ་འུ་མ་ལ་སོགས། །རྨི་ལམ་ན་ཡང་འདོད་ལ་མ་ཆགས་ཤིང་། །རྒྱུད་སྡེའི་སྙིང་པོ་རིམ་གཉིས་ལྷུར་ལེན་པའི། །མཁས་གྲུབ་དམ་པ་མུ་མཐའ་འབྲེལ་པ་ཡིས། །རྒྱ་མཚོའི་གོས་ཅན་དཔལ་དང་ལྡན་པར་བྱས། །རྒྭ་ལོའི་སློབ་མ་གཡུ་བྲག་པ་ལ་སོགས། །ཟླ་རྒྱལ་སློབ་མ་ཉིན་ཕུག་པ་ལ་སོགས། །ཕག་གྲུའི་སློབ་མ་འབྲི་སྟག་གླིང་གསུམ་སོགས། །རྒྱལ་ཚའི་སློབ་མ་རི་མ་ལྕེ་བསྒོམ་སོགས། །ཨ་སེང་སློབ་མ་ཕྱག་གཙང་ཉང་རན་སོགས། །རྗེ་པའི་སློབ་མ་ས་སྐྱ་པཎ་ཆེན་དང་། །གྲགས་པའི་མཐའ་ཅན་བརྒྱད་ལ་སོགས་པ་སྟེ། །ཤར་ཕྱོགས་རྒྱ་མཚོའི་མཐའ་ཀླས་དམ་པ་རྣམས། །