R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠ན
[A:༣༠ན]ཐུགས་རྗེ་ཆེ་ལྡན་དེ་ཡི་སློབ་རྒྱུད་ལགས། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་བླ་མ་ཆེན་པོ་འདི་ཉིད་ཀྱིས་དགུང་ལོ་ཉི་ཤུ་ནས་དྲུག་ཅུ་རྩ་བདུན་གྱི་བར་གདན་ས་ལོ་ཞེ་བརྒྱད་བཟུང་ནས། ས་ཕོ་སྟག་གི་ལོ་ཐ་སྐར་གྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་བཞིའི་ཚེ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསུས་ཏེ་གཡས་རུ་སྐྱ་བོ་ཁ་གདོང་དུ་ཞི་བར་གཤེགས་ལ། དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པར་རོལ་མོ་དང་དྲི་ཞིམ་པའི་ཚོགས་དང་། འཇའ་ཚོན་གྱི་འོད་ཀྱིས་གང་བར་བྱས་ཤིང་། སྐུའི་བཀོད་པ་བཞིར་བསྟན་ཏེ། གཅིག་ནི་བདེ་བ་ཅན། གཉིས་པ་ནི་པོ་ཏ་ལ། གསུམ་པ་ནི་ཨོ་རྒྱན། བཞི་པ་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་དུ་གཤེགས་པར་སྤྱན་སྔ་ན་གནས་པ་ལ་ཕལ་ཆེར་གྱིས་གསལ་བར་རྟོགས་པ་ཡིན་ནོ། །དེའི་རྒྱུ་མཚན་རིམ་པ་ལྟར། འཇིག་རྟེན་དབང་ཕྱུག་གི་ལོངས་
བདེ་བ་ཅན།
པོ་ཏ་ལ་
སྤྲུལ་པ་ཡོད་པ་དང་།
ཨོ་རྒྱན་
རྒྱུད་སྡེའི་གླེགས་བམ་མཁའ་འགྲོ་མས་རྒྱ་བཏབ་ནས་ཡོད་པ་དང་། སྲས་རྗེ་བཙུན་འབྱོན་པས་དེའི་ཞིང་སྦྱོང་བའི་ཆེད་ཡིན་ཞེས་ཞུ་བྱས་དངོས་གྲུབ་ཀྱིས་བཤད་ལ། པུར་བཞུ་ལ་བཞེན་པ་དེའི་ཚེ་སྤྱན་སྔ་ན་བཞུགས་པ་ཐམས་ཅད་ཡིད་མི་བདེ་བ་མེད་པར་ཏིང་ངེ་འཛིན་དང་ལྡན་ཞིང་འཁོར་ལོ་བདེ་མཆོག་ཞལ་བཞི་པར་ནི་ཐམས་ཅད་ཀྱིས་མཐུན་པར་མཐོང་ལ། དགེ་བཤེས་ཟངས་རི་ཕུག་པས་བསྐོར་བ་མཛད་པས་རྩ་ཞལ་ཁོང་ལ་ཁྱུ་རུ་རུ་བསྒྱུར་བ་དང་། འགའ་ཞིག་གིས་ཀྱེ་རྡོ་རྗེ་ཞལ་བརྒྱད་པར་ཡང་མཐོང་ཞིང་། པུར་ཐལ་མཚོ་ལ་སྦྱངས་པས་མཚོ་ལ་བདེ་མཆོག་གི་དཀྱིལ་འཁོར་ལམ་མེ་བྱུང་ནས་དེང་