[A:༣༢༤ན]གཡེངས་ཏེ། །ལུགས་འདིས་སྔོན་བྱོན་གོང་མའི་གསུང་རབ་རྣམས། །བཏང་སྙོམས་བཞུགས་པ་མཐོང་ནས་ངས་འདི་བརྩམས། །འདི་སྦྱར་དགེ་བས་བདག་ཅག་དཔོན་སློབ་རྣམས། །དུས་འདིར་ཚེ་རིང་ནད་མེད་བསམ་དོན་འགྲུབ། ས་སྐྱའི་སྡེ་དང་བསྟན་པ་གདུང་བརྒྱུད་བཅས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རབ་རྒྱས་ནས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །ཀུན་ཀྱང་ལྷན་ཅིག་བདེ་བ་ཅན་སྐྱེས་ནས། །སླར་ཡང་གང་འདུལ་སྤྲུལ་པ་སྣ་ཚོགས་ཀྱིས། །སྲིད་མཐའི་བར་དུ་བསྟན་པ་འཛིན་པར་ཤོག །བདག་གི་ལྷག་བསམ་དག་པའི་སྨོན་ལམ་འདི། །བསླུ་མེད་རྩ་བརྒྱུད་བླ་མའི་ཐུགས་རྗེ་ཡིས། །ཇི་བཞིན་མ་ལུས་ལེགས་པར་འགྲུབ་གྱུར་ནས། །རང་གཞན་འདི་ཕྱིའི་དོན་གཉིས་མཐར་ཕྱིན་ཤོག
Colophon
།ཅེས་འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ཡང་ལྷར་བཅས་འགྲོ་བའི་བླ་མ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་པའི་འཁོར་ལོས་སྒྱུར་བ་པདྨ་སམྦྷ་ཝའི་རྣམ་པར་སྤྲུལ་པ་འཇམ་པའི་དབྱངས་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་ཉིད་སླར་ཡང་མིའི་ཟོལ་གྱི་ཟློས་གར་བསྒྱུར་བ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པ་བློ་གྲོས། རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། རྗེ་