[A:༣༣ན]མ་རིག་ལ་འཁོན་རིག་པའི་བློ་གྲོས་ཅན། །དཀོན་མཆོག་གསུམ་དང་ས་སྐྱོང་རྒྱལ་པོ་ཡི། །དགེ་ལེགས་ཀུན་དགེ་ལེགས་ཀུན་སྟེར་བ་དེས། །བག་ཡོད་ལྡན་པ་མཁའ་ལ་ཤར་བའི་ཚེ། །གདན་སའི་མཆོག་སྟེ་གདན་སའི་མཆོག་གྱུར་པ། །མིག་པའི་གྲོང་ཁྱེར་གྲོང་ཁྱེར་སེར་སྐྱ་ལྟར། །ལྷ་མིའི་ཕུན་ཚོགས་ཕུན་ཚོགས་འབྱུང་གནས་འདི། །ཐུབ་པའི་དབང་པོས་ཆོས་འཁོར་ལེགས་བསྐོར་ནས། །སུམ་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་ཚེ། །བཀྲ་ཤིས་དགེ་མཚན་དུ་མར་བཅས་ཏེ་བསྒྲུབས། །ཞིང་མཆོག་འདི་ན་མཁས་བཙུན་བཟང་། །བཟང་བཙུན་མཁས་ན་འདི་མཆོག་ཞིང་། །དཔལ་ལྡན་མཐུ་སྟོབས་མཆོག་གི་ཞིང་། །ཞིང་གི་མཆོག་སྟོབས་མཐུ་ལྡན་དཔལ། །རྒྱལ་བའི་རྣམ་སྤྲུལ་རྣལ་འབྱོར་དབང་ཕྱུག་གིས། །བྱིན་བརླབས་གནས་འདི་ས་ཡི་ཐིག་ལེར་གྱུར། །འཛམ་གླིང་འཛིན་མའི་ཁྱོན་གྱི་དབུས། །དབུས་ཀྱི་རྡོ་རྗེའི་རང་བཞིན་ཞིང་། ཞིང་ཁམས་རྒྱ་མཚོ་ཀུན་གྱི་མཆོག །མཆོག་འདི་ས་ཡི་སྙིང་པོ་སྟེ། །སྐྱེ་དགུ་ཀུན་ལ་རབ་དགའི་དཔལ་སྟེར་བ། །གང་གི་བྱང་ཆུབ་སྙིང་པོ་བརྙེས་པའི་གཞི། །རྡོ་རྗེའི་རང་བཞིན་རྡོ་རྗེ་གདན་འདི་ནི། །རྒྱལ་བ་རྒྱ་མཚོའི་བྱང་ཆུབ་བརྙེས་པའི་གནས། །མ་ག་དྷཱ་ཡང་འདི་ལས་གཞན་དུ་ཅི། །རིན་ཆེན་སྣ་ཚོགས་འཁྲིགས་པའི་རང་བཞིན་ཅན། །ཕྱི་རོལ་ལྕགས་རིའི་ཁོར་ཡུག་དཔག་ཡས་ལ། །དཔལ་འབྱོར་འདུ་བའི་སྒོ་མང་ལྡན་པ་འདི། །བལྟ་ན་སྡུག་དང་མཚུངས་ཀྱི་གཞན་ན་མིན། །དེ་ཕྱིར་རྡོ་རྗེའི་རང་བཞིན་མུ་ཁྱུད་འདིས། །མ་རུངས་འབྱུང་པོའི་གདོན་ཚོགས་ཐམས་ཅད་བཅོམ། །ལུས་ཅན་ཀུན་གྱི་སྣོད་ཚོགས་རབ་ཏུ་