R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༣བ
[A:༣༣བ]བཀག །སྐྱེས་ཆེན་བསོད་ནམས་ལྡན་པའི་བསྟེན་བྱར་གྱུར། །ལོངས་སྤྱོད་རྣམ་མང་ལྡན་པའི་གནས་མང་ཡང་། །རིག་པའི་འབྱུང་གནས་འདི་ལས་གཞན་ཡོད་མིན། །ཡིད་འཕྲོག་མཛེས་པའི་རིན་ཆེན་མང་ཡོད་ཀྱང་། །དགོས་འདོད་འགྲུབ་པ་བསམ་འཕེལ་གཅིག་པོ་ཙམ། །རྩི་བཅུད་དུ་མར་ལྡན་པའི་སྨན་ལྗོངས་རྣམས། །འགྲོ་ཀུན་བདེ་འགྲོ་ཀུན་བདེའི་གནས་བཟང་ལྟར། །བཀྲ་ཤིས་རྟགས་མཚན་བརྒྱད་ཀྱིས་སྤྲས་པ་ལ། །དམར་སེར་འོད་ཀྱིས་རྒྱ་ཆེན་འཛིན་མའི་ཁྱོན། །རྣམ་པར་གསལ་བྱེད་མཛེས་པའི་མེ་ཏོག་རྣམས། །དྲི་ཞིམ་དྲི་ངད་ཕྱོགས་བཅུར་འཕྲོ་བའི་རྩེར། །སྦྲང་རྩིས་དྲེགས་པ་བུང་བ་གཞོན་ནུའི་ཚོགས། །དགའ་བའི་དར་དིར་སྒྲོགས་ཤིང་གནས་པ་ནི། །འཇམ་དབྱངས་མཆོད་ཕྱིར་ལྷ་ཡི་སྤྲུལ་པ་སྙམ། །དེ་ཕྱིར་རྒྱལ་དང་རྒྱལ་སྲས་དེ་སྲས་ཀྱིས་བསྟེན་ཅིང་། །རིག་པའི་གནས་ལྔ་ཕུལ་བྱུང་རྣམས་ཀྱི་བསྟི་གནས་པ། །ངུར་སྨྲིག་གོས་མཆོག་འཛིན་པ་རྣམས་ཀྱི་དགའ་ཚལ་ཏེ། །གདན་ས་མཆོག་འདི་བྱང་ཆུབ་སྙིང་པོ་ཡིན་ལགས་དྲང་། །ཞེས་བླ་མ་ཆེན་པོའི་བསྟི་གནས་དམ་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ལ་བསྔགས་པ་དབང་པོའི་ཉེར་འཚོ་ཞེས་བྱ་བ་ལས་ཇི་ལྟར་འབྱུང་བ་བཞིན་བསྔགས་པ་ཅུང་ཟད་བརྗོད་ཟིན་ནས། ད་ནི་བརྩེ་བ་ཆེན་པོ་དེ་ཉིད་ལས་བསྟན་པ་འཛིན་པའི་རྒྱལ་ཚབ་དམ་པར་གྱུར་པའི་གདུང་སྲས་བྱོན་ཚུལ་བཤད་པར་བྱ་སྟེ། དེ་ཡང་བླ་མ་དེ་ཉིད་ཀྱིས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས། ཡུལ་ཚ་མོར་རོང་པ་རིགས་རྗེ་བཙན་སྐུ་མཆེད་གཉིས་ཀྱི་ཐོག་མར་ཆུང་བ་ཁབ་ཏུ་བཞེས་པའི་མིང་ཇོ་ལྕམ་ཕུར་མོ་བྱ་བ། དེ་ལ་སྲས་གཅེན་ཀུན་དགའ་འབར་བྱ་བ་ས་