R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༤བ
[A:༣༤བ]དཀྱིལ། དབང་། བྱིན་རླབས། གདམས་ངག་ཕྱག་བཞེས། ཁྲིད་བཀའ་ལུང་བཀའ་དང་བཅས་པ་ལེགས་པར་གསན་ནས་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ། དགུང་ལོ་བཅུ་བདུན་ལ་ཉེ་བའི་ཚེ་རྒྱུད་སྡེ་བཅུ་བཞི་ཐུགས་ལས་གསུངས་ཤིང་། གངྒཱ་ཚུན་ཆད་ལ་རྡོ་རྗེ་ཐེག་པ་མཐའ་དག་ལ་མཁས་པར་ཡོངས་སུ་གྲགས་སོ། Studies in dBus, gSang phu under Phya pa །དེ་ནས་དགུང་ལོ་བཅུ་བདུན་བཞེས་པའི་ཚེ། རྗེ་བཙུན་དགུང་ལོ་བཅུ་གསུམ་པ་ལ་ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་དང་ཚད་མ་ལ་སོགས་པ་ཉན་ལ་འོང་གི་ཁྱོད་ས་སྐྱར་སྡོད་ལ་བཤད་པ་གྱིས་གསུངས་ནས་གདན་ས་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་གཏད་ནས་གསང་ཕུ་ནེའུ་ཐོག་ཏུ་ཆ་པ་ཆོས་ཀྱི་སེང་གེ་ལ་ཆོས་གསན་པ་ལ་སྔ་ཕྱིར་ལོ་བཅུ་གཅིག་ཙམ་བཞུགས་ནས་མཁས་པ་ཆེན་པོར་གྱུར་ཏེ། གསེར་གྱི་འགན་འཇི་ར་དང་། ཡུམ་རྒྱས་པ་དང་། གཞན་ཡང་ཟང་ཟིང་གི་དངོས་པོ་མང་དུ་ཕུལ་ཏེ་མཉེས་པར་བྱས། སློབ་དཔོན་ཆ་པའི་སློབ་མ་ཆེ་བར་གྲགས་པ་སེང་ཆེན་བརྒྱད། སེང་འདྲ་བརྒྱད། ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོཁུ་ཇོ་སྲས་ནེ་ཙོརྔོག་ཇོ་སྲས་ར་མོགཉོས་ཇོ་སྲས་འོད་མ་དང་བཞི་ཞེས་གྲགས་པའི་ནང་ནས་མཆོག་ཏུ་གྱུར་པ་འཁོན་ཇོ་སྲས་རྩེ་མོ་ཞེས་ཡོངས་སུ་གྲགས་སོ། །དེ་ནས་དགུང་ལོ་ཉི་ཤུ་རྩ་དྲུག་བཞེས་པའི་མི་མོ་ཕག་གི་ལོ་ལ་ན་ལ་རྩེའི་གནས་པོ་ཆེའི་གཙུག་ལག་ཁང་དུ་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་མཛད། དེའི་ནང་དུ་བསྟན་པའི་རྩིས་ཀྱི་རྣམ་པར་གཞག་པ་སྐྱོན་ཐམས་ཅད་དང་བྲལ་བ་ཡང་མཛད་ཡོད་དོ། །གཞན་ཡང་ཉིན་མཚན་ཀུན་ཏུ་ཡི་དམ་གྱི་ལྷ་དང་། རྗེ་བཙུན་རྣལ་འབྱོར་དབང་ཕྱུག་དཔལ་བིརྺ་པ་ལ་