R755: དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེངས་ཅན་རོལ་པའི་ཆུ་གཏེར། གླེགས་བམ་དང་པོ།

  • Pagination (Witness A): 659
[A:659]མཆོག་རྒྱ་མཚོ་རྗེ་དཀོན་མཆོག་དཔལ་ལྡན་གསུམ་ལས་འཇམ་དབྱངས་བསོད་ནམས་དབང་པོས་གསན། དེ་ལས་འཇམ་དབྱངས་ཀུན་དགའ་བསོད་ནམས་ལྷུན་གྲུབ་ཀྱིས་གསན་པ་མན་སྔར་བཞིན་ནོ། །ཡང་ན་མུས་ཆེན་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས། མཁན་ཆེན་བསོད་ནམས་རྒྱ་མཚོ། རྗེ་ནམ་མཁའ་དཔལ་བཟང་མན་སྔར་བཞིན་ནོ། །ཡང་ཉེ་བརྒྱུད་ནི། བརྩེ་བ་ཆེན་པོ་མངའ་རིས་གུང་ཐང་དུ་བཞུགས་སྐབས་དུག་བྱུང་བའི་རོ་མ་གཡས་རུའི་གྲོང་ཆུ་དགོན་པར་བཞུགས་དུས་ལོངས་པའི་སྐྱོན་གྱིས་ཆོས་རྣམས་མཉེལ་བས་འཇམ་དབྱངས་ཕུག་ཏུ་སྐུ་མཚམས་བསྡམས་ཏེ་གསོལ་བ་བཏབ་པས། ཞང་དགོན་པ་བ་མནལ་ལམ་དང་དངོས་སུ་བྱོན་ནས་གདམས་པ་རྣམས་གསུངས། དེ་རྗེས་རྣལ་འབྱོར་གྱི་དབང་ཕྱུག་ཆོས་འཁོར་གྱི་ཕྱག་རྒྱ་ཅན་ས་སྐྱའི་འབལ་གྲོག་མོན་གྲོག་གི་བར་སྐྱིལ་ཀྲུང་གཅིག་གིས་ཁེབས་པ་གཙོ་འཁོར་ལྔ་པ་ཞིག་ཞལ་གཟིགས། དེ་ནས་དབུ་རྩེ་རྙིང་མར་ཟླ་བ་གཅིག་གི་བར་དུ་མངོན་སུམ་དུ་བཞུགས་ནས་གསུང་ངག་རིན་པོ་ཆེ་དང་ལྕགས་རི་མི་འདའ་བའི་གསེར་ཆོས་བཞི་དང་རྒྱུད་སྡེ་བདུན་བཅུ་རྩ་གཉིས་ལ་སོགས་པ་གསུངས་ཏེ། དེའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། རྗེ་བཙུན་རྡོ་རྗེ་བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མན་གོང་བཞིན་ནོ། །དེ་རྣམས་ནི་གསུང་ངག་གི་བརྒྱུད་པ་གཙོ་ཆེ་བའི་རྣམ་གྲངས་ཡིན་ལ། རྒྱུ་དབང་རྐྱང་པ་ཐོབ་པའི་བརྒྱུད་པའི་རྣམ་གྲངས་ལ། ཆོས་ཀྱི་རྒྱལ་པོ་