R795: གོང་དཀར་བླ་མ་འཕྲིན་ལས་རྣམ་རྒྱལ་གྱི་གསན་ཡིག

  • Pagination (Witness A): 25
[A:25]དབང་ཕྱུག་རྒྱལ་མཚན་ལ་གསན་པའི་བརྒྱུད་པ་ཡང་ཕྱིའི་རྒྱུ་དབང་བཞིན་ནོ། །འཇམ་དབྱངས་བྱང་དབང་ལ་ཁྲིད་དང་ལམ་དབང་བླ་བིར་ཐུན་མོང་གསན་ས་སློབ་དཔོན་དཔལ་བདེ་བ་ཅན་པ་མཁྱེན་རབ་རྣམ་རྒྱལ་དང༌། དཔལ་ལྡན་ཤཱཀ་ཀུན་ལ་གསན་པ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ་དང༌། བླ་མ་ལྷ་དབང་ཕྲིན་ལས་དང༌། བྱམས་པ་ཡོན་ཏན་ལྷུན་གྲུབ་སྟེ་བཞི་ཀ་ལ་སློབ་དཔོན་རྡོ་རྗེ་བློ་གྲོས། ཉི་གླིང་རྗེ། མཁན་ཆེན་བསོད་ནམས་རྒྱལ་པོ་ལ་གསན་པའི་བརྒྱུད་པ་ནི་མཁན་ཆེན་གྱིས། བླ་མ་ཨུ་རྒྱན་རྒྱལ་པོ། སློབ་དཔོན་མཁྱེན་རབ་རྣམ་རྒྱལ། བླ་ཆེན་ཡེ་ཤེས་དབང་པོ། བླ་མ་ལྷ་དབང་ཕྲིན་ལས་རྣམས་ཏེ་བཞི་ཀ་ལ་གསན་ནོ། །ཉི་གླིང་རྗེས་ལམ་དབང་རྒྱས་འབྲིང་བསྡུས་པ་གསུམ་ག་གསན་པའི་བརྒྱུད་པ་ནི། དཔལ་ལྡན་བླ་མ་དམ་པ་ཡན་ཕྱི་དཀྱིལ་བཞིན་ལ། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་མཆོག །མུ་སྲད་པ་རྡོ་རྗེ་རྒྱལ་མཚན། དཀོན་མཆོག་དཔལ་བ། པཎ་ཆེན་ལྷ་དབང་བློ་གྲོས། རྗེ་མང་ཐོས་རབ་གསལ། རྗེ་བཟང་པོ་བཀྲ་ཤིས། བྱམས་པ་ཡོན་ཏན་ལྷུན་གྲུབ། མཁན་ཆེན་བྱམས་པ་བཟང་པོ། དགའ་ལྡན་གྲུབ་ཆེན་ཀུན་དགའ་དཔལ་བཟང༌། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་ལའོ། །
ལམ་དབང་རྒྱས་པ་ལ།
ཡང་ན་བླ་ཆེན་ཡེ་ཤེས་དབང་པོ། བྱམས་པ་ཤཱཀྱ་རྡོ་རྗེ། རྡོ་རྗེ་འཆང་བྱམས་པ་དགེ་བའི་དབང་པོ། དེས་བདག་གོ །ཡང་ན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། མཁན་ཆེན་བྱམས་པ་དགེ་བའི་དབང་པོ། དེས་བདག་གོ །ཡང༌། ལམ་དབང་ཐོབ་པའི་བརྒྱུད་པ་ནི། ཐོག་མཐའ་མེད་པའི་སངས་རྒྱས་རྡོ་རྗེ་འཆང༌། །མ་སྐྱེས་མི་འགག་ཤེས་རབ་བདག་མེད་མ། །དམར་སེར་མེ་སྦྲུལ་ལོར་འཁྲུངས་བིརྺ་པ། །ཨང་གིར་ཆུ་སྤྲེལ་ལོར་འཁྲུངས་ས་སྐྱ་པ། །རྔ་